作曲 : 万玛Mr Chemsi
ཚིག རི་ཇག
编录混:万玛 Mr Chemsi
མཛེས་པའི་མེ་ཏོག་ལྷ་མོ། །
美丽的梅朵拉姆
སྐྱིད་པའི་སྤང་ལ་བཞད་ཡོད། །
开在草原之上
སྤང་ཐང་ཆར་གྱིས་བཀྲུས་ན། །
细雨滋润芳草
འདབ་མ་སྙིང་ལ་བཞད་ཡོང་། །
花瓣绽于心底
ང་ཡིས་མེ་ཏོག་ལྷ་མོ། །
我的梅朵拉姆
འཁོར་བའི་ནང་རྟེན་ཁྱོད་ཡིན། །
你是尘世之宝
འཁོར་བའི་ནང་རྟེན་ཁྱོད་ཡིན། །
你是尘世之宝
ཨོ་ཧོ་ཧོ། མེ་ཏོག་ལྷ་མོ།
哦嚯嚯 梅朵拉姆
འཁོར་བའི་ནང་རྟེན་ཁྱོད་ཡིན། །
你是尘世之宝
མཛེས་པའི་མེ་ཏོག་ལྷ་མོ། །
美丽的梅朵拉姆
བསིལ་བའི་ནགས་ལ་འཁྲུངས་ཡོད། །
开在森林之中
ནགས་ཀླུང་སྨུག་པས་བཏུམ་ན། །
山川云雾缭绕
ཟིལ་བ་མིག་ལ་འཁོར་ཡོང་། །
露珠滴于眼眸
ང་ཡི་མེ་ཏོག་ལྷ་མོ། །
我的梅朵拉姆
ཉི་ཤུའི་རྙེད་པ་ཁྱོད་ཡིན། །
你是芳华之梦
ཉི་ཤུའི་རྙེད་པ་ཁྱོད་ཡིན། །
你是芳华之梦
ཨོ་ཧོ་ཧོ། མེ་ཏོག་ལྷ་མོ།
哦嚯嚯 梅朵拉姆
ཉི་ཤུའི་རྙེད་པ་ཁྱོད་ཡིན། །
你是芳华之梦
མཛེས་པའི་མེ་ཏོག་ལྷ་མོ། །
美丽的梅朵拉姆
དྭངས་མོ་ཆུ་ལ་འཁྱིལ་ཡོད། །
浴于清泉之中
གཙང་ཆུ་ལྷོ་རུ་བབས་ན། །
清泉流向南方
ཕྱི་ཐག་ཞེ་ལ་འཁོར་ཡོང་། །
誓言留于心中
ང་ཡི་མེ་ཏོག་ལྷ་མོ། །
我的梅朵拉姆
འཚོ་བའི་རྟེན་ས་ཁྱོད་ཡིན། །
你是生活依处
འཚོ་བའི་རྟེན་ས་ཁྱོད་ཡིན། །
你是生活依处
ཨོ་ཧོ་ཧོ། མེ་ཏོག་ལྷ་མོ།
哦嚯嚯 梅朵拉姆
འཚོ་བའི་རྟེན་ས་ཁྱོད་ཡིན། །
你是生活依处
ཨོ་ཧོ་ཧོ། མེ་ཏོག་ལྷ་མོ།
哦嚯嚯 梅朵拉姆
འཚོ་བའི་རྟེན་ས་ཁྱོད་ཡིན། །
你是生活依处