作词 : 科旦
作曲 : 科旦
སྣང་བ་ཕྲ་མོ།
ཚིག་དབྱངས། ཁོ་བསྟན།
ལེན་མཁན། རིག་འཛིན་ཐར།
སྒྲ་ལེན་དང་སྒྲ་ཞིབ་སྦྱོར། འབྲུག་ཆུང་རྒྱལ།
གནམ་འཁོར་ལོ་རྩིབས་བརྒྱད་འོག་གི
ས་པད་མ་འདབ་བརྒྱད་སྟེང་གི
རྨ་སྔོན་མོ་གཡས་འཁྱིལ་འགྲམ་གི
གོས་སྣ་ཚོགས་གྱོན་པའི་སྨིན་ལེགས།
ཁྱོའི་སེམས་ན་ནམ་མཁའ་མེད་ཀྱང་།
ང་འཕུར་སའི་བར་སྟོང་ལོས་ཡོད།
སེམས་དུང་བའི་གཏམ་རྒྱུད་རིང་མོ།
གཅིག་བཤད་པའི་སྐལ་བ་ལོས་ལྡན།
ཨ། འཇིག་རྟེན་སྣང་བ།
སྣང་བ་ཕྲ་མོ་ལ་གཤོག་པ་ཐོགས་ན། ལ་ལ་དགོད་ལ་ལ་ལ་ངུ་།
ལོ་ཟླ་ལ་ཡིད་ཆེས་མ་བྱེད།
དགའ་སྡུག་གི་རི་མོ་བསུབ་འགྲོ།
ཚོར་སྣང་ལ་ལེ་བདའ་མ་བྱེད།
ལུས་སེམས་ཀྱི་རང་དབང་འཁྱེར་འགྲོ།
མི་ཡུལ་གྱི་ཆུ་བོའི་ཀློང་ནས།
ལྷན་འཛོམས་ཀྱི་ཟེགས་མ་འཐོར་ན།
སྤྲོ་སྣང་གི་ཉི་ཟེར་འཕྲོས་ཏེ།
ཡ་ཆུང་ལ་འཇའ་ཚོན་བཀྲ་ཡོང་།
ཨ། འཇིག་རྟེན་སྣང་བ།
སྣང་བ་ཕྲ་མོ་ལ་གཤོག་པ་ཐོགས་ན། ལ་ལ་དགོད་ལ་ལ་ལ་ངུ་།