作词 : 甘丹增
作曲 : 甘丹增
སྐྱིད་པོ་རེད།,
སྐྱིད་པོ་རེད།,
གཙང་མ་མི་ལུས་ཐོབ་པས།,
སྐྱིད་པོ་རེད།,
སྐྱིད་པོ་རེད།,
ཨ་ལ་སྐྱིད་པོ་རེད།,
གཟུགས་པོ་བདེ་ཐང་ཡིན་པས།
སྐྱིད་པོ་རེད།,
ཨ་ལ་ཡང་སྐྱིད་རེད།,
བྱམས་དང་སྙིང་རྗེ་ལྡན་ས,
གངས་ཅན་བོད་ལ་སྐྱེས་པ་སྐྱིད་པོ་རེད།,
གཡང་ཁྱིམ་དྲོན་མོ་ནང་ན།,
དྲིན་ཆེན་ཨ་ཕས་ལམ་སྟོན་བསླབ་བྱ་གཅིག,
དྲིན་ཆེན་ཨ་མའི་བྱམས་སྐྱོང་ཡོད་པ་གཉིས།,
ང་རང་སྐྱིད་པོ་རེད།,
ཤ་ཉེ་སྤུན་མཆེད་ནང་ནས།,
ང་རང་གཅེས་ཕྲུག་ཡིན་པས་སྐྱིད་པོ་རེད།,
ཨ་ལ་ཡང་སྐྱིད་རེད།,
གཡང་ཁྱིམ་འདི་རུ་དངོས་གནས་སྐྱིད་པོ་ལ་རེད།,
ཡ་་་་་བསྭོ་བསྭོ།,
ང་ཚོ་བསོད་ནམས་ཆེན་པོ་རེད།,
བོད་ལ་སྐྱེས་པས་སྐྱིད་པོ་རེད།,
ཕ་མ་གཉིས་ཀ་འཛོམས་པས་ཡང་སྐྱིད་རེད།,
ཡ་་་སྐྱིད་པོ་རེད། སྐྱིད་པོ་རེད།,
ང་ཚོ་ངོ་མ་སྐྱིད་པོ་རེད།,
ཡ་་་་ཡ་་་་་འདུག་ས་ཕ་ཁྱིམ་གཅིག,
གྱོན་རྒྱུ་བོད་ཆས་གཉིས།,
བཤད་རྒྱུ་ཕ་སྐད་གསུམ།,
ཟ་རྒྱུ་རྩམ་པ་བཞི།,
ང་ཚོ་བོད་པའི་རྒྱན་ཆ་རེད།,
དེ་ཡང་བུ་ཆུང་ང་ཡི་བསོད་ནམས་་རེད།,
སྐྱིད་པོ་རེད།
སྐྱིད་པོ་རེད།,
དགེ་སློབ་མཉམ་དུ་འཛོམས་པས།,
སྐྱིད་པོ་རེད།,
སྐྱིད་པོ་རེད།,
ཨ་ལ་སྐྱིད་པོ་རེད།,
མེས་པོའི་ལོ་རྒྱུས་གླེང་བས།,
སྐྱིད་པོ་རེད།,
ཨ་ལ་ཡང་སྐྱིད་རེད།,
བཅུ་ཕྲག་རིག་གནས་སྦྱོང་སའི།,
སློབ་གྲྭའི་ཁོར་ཡུག་མཛེས་པས་སྐྱིད་པོ་རེད།,
མ་ཡུམ་སློབ་གྲྭའི་གླིང་ན།,
མ་རིག་རྨོངས་པ་སེལ་བའི་དགེ་རྒན་གཅིག,
བརྩེ་ལྡན་སློབ་གྲོགས་མང་པོ་ཡོད་པ་གཉིས།,
ང་རང་སྐྱིད་པོ་རེད།,
དགེ་སློབ་མང་པོའི་བར་ལ།,
གུས་བཀུར་མཐུན་སྒྲིལ་ཡོད་པས་སྐྱིད་པོ་རེད།,
ཨ་ལ་ཡང་སྐྱིད་རེད།,