作词 : 嘎代才让
作曲 : Sebastian Örnemark(瑞典)
编曲 : Sebastian Örnemark(瑞典)
འཁོར་བ།
世间(电影《梅朵与月光》片尾曲)
演唱:旺卓措དབང་སྒྲོན་མཚོ།
སྐྱེས་རུང་རྒས་པའི་ཆོས་ཉིད་འདི།།
ལྷ་རྗེར་བསྟེན་ཀྱང་འགྱུར་མ་བྱུང།།
འདུས་རུང་བྲལ་བའི་ཆོས་ཉིད་འདི།།
བླ་མར་ཞུ་ཡང་འགྱུར་མ་བྱུང།།
འཁོར་བ་ཅི་སྲིད་མི་རྟག་པ།།
དཀོན་མཆོག་གསུམ་པོས་བྱིན་གྱིས་རློབས།།
དར་རུང་རྒུད་པའི་ཆོས་ཉིད་འདི།།
ལྷ་རྗེར་བསྟེན་ཀྱང་འགྱུར་མ་བྱུང།།
གང་རུང་ཟག་པའི་ཆོས་ཉིད་འདི།།
བླ་མར་ཞུ་ཡང་འགྱུར་མ་བྱུང།།
འཁོར་བ་ཇི་སྲིད་མི་རྟག་པ།།
དཀོན་མཆོག་གསུམ་པོས་བྱིན་གྱིས་རློབས།།