《故乡》是根呷演唱的歌曲,收录于专辑《故乡》,时长 2:55。以下为完整歌词。
གངས་དཀར་པོའི་མཆོད་རྟེན་བཞེངས་འདྲ་བོ།
གངས་ཏི་སེ་གསེར་གྱི་མཆོད་རྟེན་རེད།
བོད་ཁ་བ་ཅན་གྱི་བླ་རི་རེད།
བསང་ཕུད་ནས་གཡས་སྐོར་ལན་གསུམ་རྒྱབ།
བུ་རླུང་རྟ་ཆེན་པོའི་དགྲ་བླ་རེད།
གསེར་སེར་པོའི་ཉི་མ་ཤར་འདྲ་བོ།
ལྷ་ཇོ་བོ་ཡིད་བཞིན་ནོར་བུ་རེད།
བོད་ཁ་བ་ཅན་གྱི་མཆོད་གནས་རེད།
མགོ་ཞྭ་མོ་ཕུད་ནས་ཕྱག་གསུམ་འཚལ།
བོད་བསོད་ནམས་ཅན་པོའི་ལྷ་སྐལ་རེད།
ལྷའི་ཁང་བཟང་ས་ལ་བབས་འདྲ་བོ།
པོ་ཏ་ལ་ཕྱི་རའི་ཕོ་བྲང་རེད།
བོད་ཁ་བ་ཅན་གྱི་ལྷ་སྐལ་རེད།
དར་དཀར་པོ་བཟུང་ནས་མཇལ་གྱི་འགྲོ།
བོད་བྱམས་སེམས་ཅན་གྱི་ཕ་མཁར་རེད།
དུང་དཀར་པོའི་ཟླ་བ་ཤར་འདྲ་བོ།
ངའི་དྲིན་ཆེན་ཕ་ལོ་མ་ལོ་རེད།
འདིའི་ཡན་གྱི་དྲིན་ཆེན་ང་ལ་མེད།
དྲིན་ཕ་མའི་དྲིན་ལན་མཇལ་གྱི་འགྲོ།
བུ་བསོད་ནམས་ཅན་གྱི་ཕ་མ་རེད།
འདིའི་ཡན་གྱི་དྲིན་ཆེན་ང་ལ་མེད།
དྲིན་ཕ་མའི་དྲིན་ལན་མཇལ་གྱི་འགྲོ།
བུ་བསོད་ནམས་ཅན་གྱི་ཕ་མ་རེད།
བུ་བསོད་ནམས་ཅན་གྱི་ཕ་མ་རེད།
在线收听
本站不提供音频,点击跳转到正版平台。
专辑《故乡》曲目
- 故乡2:55
常见问题
《故乡》是谁唱的?
根呷。
《故乡》收录在哪张专辑?
收录于《故乡》。
《故乡》的歌词可以在哪里看?
就在本页,完整歌词已按段落展示。