《古迹》专辑封面

歌词

古迹

《古迹》是白玉扎西演唱的歌曲,收录于专辑《古迹》,时长 3:04。以下为完整歌词。

སྟོད་མངའ་རི་ཡུལ་གྱི་ས་ཆ་ན།

དར་དཀར་པོ་གནམ་ནས་འཕྱང་འདྲ་འདི།

གངས་དཀར་པོ་ཏི་སེའི་རི་བོ་རེད།

རྗེ་མི་ལ་རས་པའི་སྒྲུབ་གནས་རེད།

ཡུལ་ལྷོ་ཁའི་ཡར་ཀླུང་ཟོ་ཐང་ནས།

ཡར་བལྟ་སའི་བ་གམ་ཡིད་འོང་འདི།

མཁར་སྔོན་མ་ཡུམ་བུ་བླ་སྒང་རེད།

རྗེ་གཉའ་ཁྲི་བཙན་པའི་བཞུགས་གནས་རེད།

ཨ་ཨ། ཨ་ཨ། ཨ

ཨ་ཨ། ཨ་ཨ། ཨ

དབུས་ལྷ་སའི་དམར་པོ་རི་ཡི་སྟེང་།

བརྗིད་ཆགས་ལ་དཀར་དམར་ཟུང་བརྒྱན་འདི།

བོད་ཁ་བ་ཅན་གྱི་ཕོ་བྲང་རེད།

འདི་འཛམ་བུ་གླིང་གི་རྒྱན་གཅིག་རེད།

ལྷ་ཇོ་བའི་གཙུག་ལག་ཕྱི་རོལ་ན།

རིགས་མི་འདྲ་མི་མང་འགྲོ་ས་འདི།

ལྷ་ཇོ་བོ་བསྐོར་སའི་བར་སྐོར་རེད།

བུ་ང་ཡིས་ཇོ་བོ་སྐོར་ལམ་རེད།

ཨ་ཨ། ཨ་ཨ། ཨ

ཨ་ཨ། ཨ་ཨ། ཨ

ཨ་ཨ། ཨ་ཨ། ཨ

ཨ་ཨ། ཨ་ཨ། ཨ

ཨ་ཨ། ཨ་ཨ། ཨ

在线收听

本站不提供音频,点击跳转到正版平台。

专辑《古迹》曲目

  1. 古迹3:04

常见问题

《古迹》是谁唱的?

白玉扎西。

《古迹》收录在哪张专辑?

收录于《古迹》。

《古迹》的歌词可以在哪里看?

就在本页,完整歌词已按段落展示。