雪山下的等待 - 南江秋措
词:西德尼玛
曲:德吉
ངའི་རེ་སྒུག་གངས་རིའི་འདབས་ན་ཡོད།
ཚིག ཞི་བདེ་ཉི་མ།
དབྱངས། བདེ་སྐྱིད།
གཞས་མ།རྣམ་རྒྱལ་ཆོས་མཚོ།
ཁྱོད་འགྲོ་དགོས། ང་འདུག་དགོས།
གྱེས་བྲལ་མཆི་མའི་ཀློང་ན།
སྙིང་གཏམ་ཤོད་འཕྲོ་ལུས་ཡོད།
ཕྱག་དང་ཕྱག་ཟུང་བར་ནས།
མཛའ་མཐུན་དམ་བཅའ་བཀོད་ཡོད།
སྙིང་སྡུག་ལགས། སྙིང་སྡུག
ལམ་རིང་ཐུང་ཤོར་ན་སྒུག་རྒྱུ་བྱེད།
ཚེ་རིང་ཐུང་ཤོར་ན་ལས་དབང་རེད།
ངའི་སྨོན་འདུན་གནམ་སའི་བར་ན་ཡོད།
ཁྱོད་བུད་སོང་། ངས་སྒུག་ཡོད།
དྲན་པའི་སེམས་གཞས་རིང་མོ།
གཙང་ཆབ་སྔོན་མོས་ཐོས་ཡོད།
ཉིན་དང་མཚན་གྱི་རེ་སྒུག
གངས་རི་དཀར་པོས་མཐོང་ཡོད།
སྙིང་སྡུག་ལགས། སྙིང་སྡུག
ལམ་རིང་ཐུང་ཤོར་ན་སྒུག་རྒྱུ་བྱེད།
ཚེ་རིང་ཐུང་ཤོར་ན་ལས་དབང་རེད།
ངའི་རེ་སྒུག་གངས་རིའི་འདབས་ན་ཡོད།
སྙིང་སྡུག་ལགས། སྙིང་སྡུག
ལམ་རིང་ཐུང་ཤོར་ན་སྒུག་རྒྱུ་བྱེད།
ཚེ་རིང་ཐུང་ཤོར་ན་ལས་དབང་རེད།
ངའི་རེ་སྒུག་གངས་རིའི་འདབས་ན་ཡོད།
ངའི་རེ་སྒུག་གངས་རིའི་འདབས་ན་ཡོད།
སྙིང་སྡུག་ལགས།