离别的痛苦 - 洛桑加央
词:山眉
曲:洛桑加央
ཁྱེད་སོང་རྗེས།
གནམ་ནས་ཁ་བ་བབས་སོང་།
ཁ་བའི་འདབ་མ་རེ་རེས།
སེམས་ཀྱི་དྲན་གདུང་བཀབ་སོང་།
ངས་སྣང་མེད་ཀྱི་གདོང་ཞིག་བསྟན་ཡང་།
ཁ་བྲལ་རྗེས་ མིག་གཉིས་མཆི་མས་བརླན་སོང་།
བརྩེ་བ་ནི་སིལ་རླུང་བཞིན།
ཁུ་སིམ་མེར་སྙིང་དབུས་སུ་རྒྱུགས་སོང་།
ངས་ཕྱིར་དྲན་ཞིག་བྱ་དུས།
དེ་སྔའི་བརྩེ་དུང་སྦར་མོའི་ནང་གི་བྱེ་མ་ལྟར།
སྐད་ཅིག་ཉིད་ལ་བརླག་སོང་།
མཉམ་འགྲོགས་ཀྱི་ལོ་ཟླ་ཇི་འདྲའི་ཐུང་བ་ལ།
ངོ་ཤེས་པ་ནས་གྱེས་བྲལ་དབར།
དུས་ཚོད་ནི་ནམ་མཁའི་གློག་དང་འདྲ།
ངས་འདི་ལྟར་ལག་པ་གློད་པར་བསམ་ཤེས་བྱེད་རོགས།