恩师桑布扎 - 尼玛扎西
词:南加
曲:扎西巴德
སློབ་དཔོན་ཐོན་མི་སྐུ་དྲིན།
ཚིག། རྣམ་རྒྱ།
གཞས་པ། ཉི་མ་བཀྲ་ཤིས།
ཁོང་སློབ་དཔོན་ཐོན་མི་སྐུ་དྲིན་གྱིས།།
བོད་ཁ་བ་ཅན་ལ་རིག་གཞུང་དར།།
ཕྱིས་འཕག་བོད་སྐྱེས་ཆེན་དམ་པ་དག།།
གནས་བཅུ་ཕྲག་རིག་པ་གོང་འཕེལ་བཏང།།
ང་ཕ་བཟང་བུ་ཡི་བུ་ཕྲུག་ཡིན།།
ངའི་སློབ་རྒྱུ་བོད་ཀྱི་རིག་གཞུང་ཡིན།
དྲིན་སློབ་དཔོན་དམ་པའི་སྐུ་དྲིན་གྱིས།།
བུ་ང་རང་མི་ཡི་གྲལ་དུ་ཚུད།།
ཕོ་ང་རང་བོད་ཀྱི་བུ་ཕྲུག་ཡིན།།
བོད་སྐད་ཡིག་སྦྱོང་དགོས་བོད་པའི་བུ།།
བོད་རང་གི་སྐད་ཡིག་མ་ཤེས་ན།།
ང་བ
བོད་རང་གི་སྐད་ཡིག་མ་ཤེས་ན།།
ང་བོད་པ་ཡིན་ཟེར་ངོ་རེ་ཚ།།
བོད་རང་གི་སྐད་ཡིག་མ་ཤེས་ན།།
ང་བོད་པ་ཡིན་ཟེར་ངོ་རེ་ཚ།།