ཆང་གཞས།
གཞས་མ། སྐལ་བཟང་གཡུ་སྒྲོན།
གཟིམ་ཆུང་ཀ་བཞི་གདུང་བརྒྱད།།
འཇའ་ཡི་གྲོ་ལོ་ཤིག་ཤིག།།
གདན་ས་བདེ་ཆེན་ཕོ་བྲང་།།
གཟིམ་ཆུང་ཡར་ལ་འདྲ་བྱུང་།།
གདན་ས་བདེ་ཆེན་ཕོ་བྲང་།།
གཟིམ་ཆུང་ཡར་ལ་འདྲ་བྱུང་།།
རི་དེ་གཡང་ཆགས་རི་ལ།།
རྩ་ལ་སྨན་རྩ་སྐྱེ་ས།།
སེམས་ཅན་སྤུ་གྲ་ལེགས་པ།།
གཡང་ཆགས་རི་ལ་འཁོར་ཡོང་།།
སེམས་ཅན་སྤུ་གྲ་ལེགས་པ།།
གཡང་ཆགས་རི་ལ་འཁོར་ཡོང་།།
སྙེ་མ་སྙེ་རྡོག་གཅིག་ལ།།
ནས་རྡོག་གསུམ་བརྒྱ་དྲུག་ཅུ།།
ལོ་ལེགས་རྟེན་འབྲེལ་ཆེད་དུ།།
མཆོད་ཆང་གཙང་བཞེས་གནང་དང་།།
ལོ་ལེགས་རྟེན་འབྲེལ་ཆེད་དུ།།
མཆོད་ཆང་གཙང་བཞེས་གནང་དང་།།
མཆོད་ཆང་ཞིམ་པའི་སྒང་ལ།།
རིན་ཆེན་རྩམ་པ་བརྒྱབ་ཡོད།།
དྭགས་པོ་བཤད་སྒྲུབ་གླིང་གི།།
རྒུན་འབྲུམ་མར་ལས་ཞིམ་པ།།
དྭགས་པོ་བཤད་སྒྲུབ་གླིང་གི།།
རྒུན་འབྲུམ་མར་ལས་ཞིམ་པ།།
དྭགས་པོ་བཤད་སྒྲུབ་གླིང་གི།།
རྒུན་འབྲུམ་མར་ལས་ཞིམ་པ།།