佛光 - 泽旺拉姆
词:佚名
曲:泽旺拉姆
音乐营销:梦飞船国际文化
ཕྱག་ན་པད་དཀར་འཛིན་པ།
བསིལ་ལྡན་ལྗོངས་ཀྱི་ལྷ་རེད།
བྱམས་དང་སྙིང་རྗེ་ཆེ་ན།
བྱིན་གྱིས་བརླབས་པའི་རྟགས་རེད།
སྙིང་པོ་མ་ཎི་འབྲུ་དྲུག
བོད་དམངས་དད་པའི་ཆོས་རེད།
ལུས་སེམས་དགེ་བར་སོང་ན།
ཉམས་སུ་ལོན་པའི་རྟགས་རེད།
འགྲོ་ཕན་བསམ་པ་བཟང་བ།
ཡབ་མེས་སྤྲེའུའི་གཤིས་རེད།
སེམས་དང་སྤྱོད་པ་བཟང་ན།
ཡ་རབས་རིགས་ཀྱི་རྒྱུད་རེད།
རྣམ་དཔྱོད་བློ་གྲོས་བཟང་བ།
མ་ཡུམ་བྲག་སྲིནརྩལ་རེད།
ལེགས་ཉེས་བླང་དོར་མཁས་ན།
ཕུལ་བྱུང་རུས་ཀྱི་བུ་རེད།