祈祷 - 阿桑
词:阿桑
曲:德白
编曲:小老师
制作人:德白
སྐྱབས་འཇུག
ཚིག ཨ་སངས།
དབྱངས། དམངས་ཁྲོད།
གཞས་པ། ཨ་སངས།
མདོ་སྨད་བསྟན་པའི་མངའ་བདག།
ཀུན་མཁྱེན་འཇམ་དབྱངས་བཞད་པའི།།
ཐུགས་སྲས་ཡིད་བཞིན་ནོར་བུར།།
སྒོ་གསུམ་གུས་པས་ཕྱག་འཚལ།།
འགྲོ་བ་སེམས་ཅན་ཐམས་ཅད།།
ཐུགས་ཀྱིས་བུ་བཞིན་སྐྱོང་མཛད།།
དྲིན་ཅན་རྩ་བའི་བླ་མ།།
བསེ་ཚང་བློ་བཟང་དཔལ་ལྡན།།
དད་ལྡན་བུ་སློབ་ཡོངས་ལ།།
བཀའ་པོ་བདུད་རྩིའི་མན་ངག།
ཚངས་སྲས་བཞད་པའི་སྒྲ་དབྱངས།།
མཇལ་བའི་སྐལ་བ་ལྡན་སོང་།།
ཁ་བ་གངས་རིའི་ལྗོངས་ནས།།
དཔལ་ལྡན་དུས་ཀྱི་འཁོར་ལོའི།།
དབང་ལུང་ཆོས་ཀྱི་ཆར་བ།།
གནང་བའི་སྐུ་དྲིན་ཆེའོ།།
མར་གྱུར་འགྲོ་བ་ཀུན་གྱི།།
རྩ་བའི་བླ་མ་ཁྱེད་ཡིན།།
འཁོར་བ་མ་སྟོང་བར་དུ།།
རྗེས་སུ་འཛིན་པའི་སྐྱབས་འཇུག།
ཁྱེད་སྐུ་ཉི་མ་སེར་པོ།།
གངས་རིའི་རྩེ་ནས་ཤར་སྟེ།།
ང་ཡི་སྐྱབས་མགོན་བླ་མ།།
ཞབས་པད་བརྟན་པའི་སྨོན་ལམ།།