བཀྲ་ཤིས་གངས་ཀྱི་རྭ་བ།
吉祥雪域
གཞས་ཚིག/རིན་ཆེན་རྒྱལ།
作词: 仁青加
གཞས་དབྱངས/རིན་ཆེན་འབུམ།
作曲: 仁青本
གཞས་པ/པ་སངས།
演唱: 巴桑
བཀྲ་ཤིས་གཡང་དུ་འགུག་པའི་དུས་བཟང་ལ།།
བཀྲ་ཤིས་གསེར་གྱི་ཁྲི་གདུགས་མཁའ་ན་མཚེར།།
བཀྲ་ཤིས་དངུལ་གྱི་ཟླ་བ་དབྱིངས་ན་འཛུམ།།
བཀྲ་ཤིས་སྣོད་དང་བཅུད་ཀྱི་དགེ་མཚན་འབར།།
བཀྲ་ཤིས་གངས་ལྗོངས། འཚེ་མེད་ཞི་བའི་གནས།
ཕུན་ཚོགས་གངས་ཀྱི་རྭ་བའི་ཞིང་ཁམས་ན།
མགོ་ནག་བོད་པས་ཞི་བདེ་ཤུགས་ཀྱིས་བསྟོད།།
ཉམ་ཐག་སེམས་ཅན་ཀུན་ལ་ཕན་བདེ་བསྐྲུན།།
བཀྲ་ཤིས་གཡང་དུ་འགུག་པའི་དུས་བཟང་ལ།།
བཀྲ་ཤིས་གསེར་གྱི་ཁྲི་གདུགས་མཁའ་ན་མཚེར།།
བཀྲ་ཤིས་དངུལ་གྱི་ཟླ་བ་དབྱིངས་ན་འཛུམ།།
བཀྲ་ཤིས་སྣོད་དང་བཅུད་ཀྱི་དགེ་མཚན་འབར།།
བཀྲ་ཤིས་གངས་ལྗོངས། འཚེ་མེད་ཞི་བའི་གནས།
ཕུན་ཚོགས་གངས་ཀྱི་རྭ་བའི་ཞིང་ཁམས་ན།
མགོ་ནག་བོད་པས་ཞི་བདེ་ཤུགས་ཀྱིས་བསྟོད།།
ཉམ་ཐག་སེམས་ཅན་ཀུན་ལ་ཕན་བདེ་བསྐྲུན།།