泽旺拉姆 - 环境买卖
作词:藏桑
作曲:民间
མཐོ་ས་མཐོ་ས་གན་ན་ཁེ་ཚོང་ཞིག།
ནགས་ཚལ་བྲེག་པའི་ཚོང་དེར་ཁེ་ཁ་ཆེ།
哦哦耶耶耶
དམའ་ས་དམའ་ས་གན་ན་ཕམ་ཁ་ཞིག
རྒྱ་མཚོ་འཕྱུར་བའི་གནོད་དེ་ཕམ་ཁ་ཆེ།
哦哦耶耶耶
ཐག་ཉེ་ཐག་ཉེ་ཞིག་ན་ཁེ་ཚོང་ཞིག།
ས་གཏེར་རི་བཅུད་བླངས་ན་ཁེ་ཁ་ཆེ།
哦哦耶耶耶
ཐག་རིང་ཐག་རིང་གན་ན་ཕམ་ཁ་ཞིག
ས་ཆེན་འདར་བའི་ཉིན་མོར་ཕམ་ཁ་ཆེ།
哦哦耶耶耶
བདག་གིས་ཁྱེད་བསམ་ཁྱེད་ཀྱིས་ང་ལ་སོམས།
ཁྱེད་དང་ངེད་གཉིས་འཇིག་རྟེན་གཅིག་ནས་འཚོ།
哦哦耶耶耶
བདག་གིས་ཁྱེད་སྲུང་ཁྱེད་ཀྱིས་ང་རང་སྲུང་།
ཁྱེད་དང་ངེད་གཉིས་གོ་ལ་གཅིག་ནས་འཚོ།
哦哦耶耶耶
哦哦耶耶耶