德格加 - 卓格措
གནའ་འགྲོགས་གནའ་འགྲོགས་ཟེར་བ་སྒྲོལ་དཀར་མཚོ།།
ཕ་ཡུལ་གསེར་ལྡན་ཐང་གི་མེ་ཏོག་ཡིན།།
གཡུ་སྦྲང་འཕུར་ན་མི་འདོད་སྒྲོལ་དཀར་མཚོ།།
འུ་གཉིས་སྐྱིད་ལ་དབྱར་ཟླ་དྲུག་པ་ཡིན།།
གནའ་འགྲོགས་གནའ་འགྲོགས་ཟེར་བ་སྒྲོལ་དཀར་མཚོ།།
གཡང་ཁྱིམ་མཐིང་སྨུག་སྦྲ་ཡི་ནང་འཛིན་ཡིན།།
གཡང་ཟོག་རྟ་ནོར་ལུག་གི་རྫི་མོ་ཡིན།།
འུ་གཉིས་སྐྱིད་ལ་ཨ་འགྲིག་ཆ་འགྲིག་་ཡིན།།
གནའ་འགྲོགས་གནའ་འགྲོགས་ཟེར་བ་སྒྲོལ་དཀར་མཚོ།།
སྐྱེ་གཟུགས་སྨྱུག་མ་བཀུག་ན་གསོམ་དཀར་ཡིན།།
ཁ་ཚིག་མགུར་ར་བཞེངས་ན་སྒྲོལ་མ་ཡིན།།
གནའ་འགྲོགས་གནའ་འགྲོགས་ཟེར་བ་སྒྲོལ་དཀར་མཚོ།།
སྐྱེ་གཟུགས་སྨྱུག་མ་བཀུག་ན་གསོམ་དཀར་ཡིན།།
ཁ་ཚིག་མགུར་ར་བཞེངས་ན་སྒྲོལ་མ་ཡིན།།
འུ་གཉིས་སྐྱིད་ལ་བཅོ་ལྔ་ཉི་ཤུ་ཡིན།།
གནའ་འགྲོགས་གནའ་འགྲོགས་ཟེར་བ་སྒྲོལ་དཀར་མཚོ།།
གོས་ཆེན་འབྲུག་མའི་སྟེང་གི་རི་མོ་ཡིན།།
ཨ་འཇམ་ཚ་རུའི་ནང་གི་དྲོད་ཤ་ཡིན།།
འུ་གཉིས་སྐྱིད་ལ་འཇིག་རྟེན་སྣང་བ་ཡིན།།
གོས་ཆེན་འབྲུག་མའི་སྟེང་གི་རི་མོ་ཡིན།།
ཨ་འཇམ་ཚ་རུའི་ནང་གི་དྲོད་ཤ་ཡིན།།
འུ་གཉིས་སྐྱིད་ལ་འཇིག་རྟེན་སྣང་བ་ཡིན།།