作词 : 帮久.尕玛加
作曲 : 阿德.青梅才仁
གཉེན་སྟོན་བརྟེན་འབྲེལ་བཟང་པོ།
吉祥婚礼
作词: 帮久·尕玛加
作曲:阿德.青梅才仁
演唱:开周江才
和声:智王桑珠
女声伴唱:才巴永吉
编曲 王浩羽
摄影师 昂多
录音:阿啦耶文化艺术传播有限公司
后期混音:阿啦耶文化艺术传播有限公司
ཚེ་རོགས་སྙིང་གི་གཅེས་ལོ།
ལོ་ལོ་ཚེ་གཅིག་བརྟན་རོགས
བཀྲ་ཤིས་དུས་བཟང་འདི་ལ།
ཛ་ལོ་ང་ཡིས་བརྟགས་ཡོང་།
སྤོས་ཞྭ་ཁྱེད་ཀྱིས་གོན་ཤོག
བཀྲི་ཤིས་སྨོན་ལམ་ཁྲོད་ནས།
གཉེན་སྟོན་དཔལ་ལ་རོལ་ཤོག
ཚེ་རོགས་སྙིང་གི་གཅེས་ལོ།
ལོ་ལོ་ཚེ་གཅིག་བརྟན་རོགས
བདེ་ལེགས་ཉིན་བཟང་འདི་ལ།
ཆང་རྫིས་ང་ཡིས་ཁུར་ཡོང་།
ཆུང་ཕུར་ཁྱེད་ཀྱིས་འཛིན་ཤོག
མཆོད་པ་ལན་གསུམ་ཕུལ་ནས།
གཉེན་སྟོན་དཔལ་ལ་རོལ་ཤོག
ཚེ་རོགས་སྙིང་གི་གཅེས་ལོ།
ལོ་ལོ་ཚེ་གཅིག་བརྟན་རོགས
ཕུན་ཚོགས་སྐལ་བཟང་འདི་ལ།
བཀྲ་ཤིས་ང་ཡིས་བརྗོད་ཡོང་།
སྨོན་ལམ་ཁྱེད་ཀྱིས་བཏབས་ཤོག
ཚེ་གཅིག་བདེ་སྐྱིད་ལྡན་པའི།
སྐྱབས་འཇུག་ལྷ་ལ་ཞུས་ཤོག
ཚེ་སྔོན་བཏབ་པའི་སྨོན་ལམ།།
ཚེ་འདི་ཁྲོད་པ་ལས་དབང་།།
དགའ་བའི་དུས་བཟང་འདི་ལ།།
གླུ་དབྱངས་ང་ཡིས་ལེན་ཡོང་།།
ཞབས་བྲོ་ཁྱེད་ཀྱིས་འཁྲབ་ཤོག།
གླུ་བྲོ་གར་ལ་རོལ་ནས།།
གཉེན་སྟོན་དཔལ་ལ་རོལ་ཆོག །
ཚེ་རོགས་སྙིང་གི་གཅེས་ལོ།
ལོ་ལོ་ཚེ་གཅིག་བརྟན་རོགས
ཕུན་ཚོགས་སྐལ་བཟང་འདི་ལ།
བཀྲ་ཤིས་ང་ཡིས་བརྗོད་ཡོང་།
སྨོན་ལམ་ཁྱེད་ཀྱིས་བཏབས་ཤོག
ཚེ་གཅིག་བདེ་སྐྱིད་ལྡན་པའི།
སྐྱབས་འཇུག་ལྷ་ལ་ཞུས་ཤོག