ཕ་ཡུལ་མེད་པ་མ་རེད། །
ཕ་ཡུལ་ས་ཐག་རིང་འདུག །
ལས་ལ་བར་ཆད་མེད་ན། །
བསྐོར་བ་ལན་གསུམ་རྒྱག་ཡོང་། །
བདག་གི་དྲིན་ཆེན་ཕ་མ། །
འབྲལ་དགོས་ལས་ལ་བཀོད་བྱུང་། །
མ་ཤི་ཚེ་ཐག་རིང་ན། །
དྲིན་ལན་ཡང་ཡང་འཇལ་ཆོག །
ཨ། མ་ཤི་ཚེ་ཐག་རིང་ན། །
དྲིན་ལན་ཡང་ཡང་འཇལ་ཆོག །
རྒྱུ་འབྲས་མེད་པ་མ་རེད། །
བསྐོས་པའི་དབང་ཐང་མི་འདུག །
སྐྱིད་སྡུག་མྱངས་པའི་བུ་ལ། །
ཡོན་ཏན་སྣ་ཚོགས་འཛོམས་འདུག །
ཡིད་ཐག་ཆད་རྒྱུ་མི་འདུག །
སྐྱོ་བའི་མིག་ཆུ་ཇེ་མང་། །
བླ་མ་དཀོན་མཆོག་བཀའ་དྲིན། །
འཛོམས་པའི་དུས་ཤིག་ལོས་ཡོད། །
ཨ། བླ་མ་དཀོན་མཆོག་བཀའ་དྲིན། །
འཛོམས་པའི་དུས་ཤིག་ལོས་ཡོད།
未经许可,不得翻唱或使用