作曲 : 格日
作词 : 格日
UNCLE BUDDH!$T
༼དར་སྲོལ་གསར་མ༽
རི་བོ་མཐོ་ས་རྫ་རི་གཉན་སའི་ས།
ཆུ་བོ་དྭངས་ས་མཚོ་མོ་ཟབ་སའི་ས།
རིན་ཆེན་གཏེར་ཁ་གང་སར་བརྡོལ་བའི་ས།
ང་ཚོ་མི་རིགས་འདི་ཡི་ཕ་ས་ཡིན།
ཕ་རྒྱུད་སྤྲེའུ་བྱང་ཆུབ་སེམས་དཔའ་དང་།
མ་རྒྱུད་གདོང་དམར་བྲག་གི་སྲིན་མོ་དེའི།
བུ་རྒྱུད་དཔའ་ལ་མཛངས་པའི་མི་རིགས་དེ།
ང་ཚོ་ཁ་བ་གངས་ཅན་བོད་པ་ཡིན།
HERDSMAN
དར་སྲོལ་གསར་བ་་་་
འཁོར་བའི་སྐྱིད་སྡུག་ཁྲོད།
ཚང་མ་འགྱུར་བཞིན་ཡོད།
ང་ཚོ་བོད་པ་ཡང་།
སྔོན་ནས་འགྱུར་བཞིན་ཡོད།
ག་ས་གང་སོང་ན།
ཟི་དང་གང་ལ་ཐུག་ན།
ཚང་མའི་བསྒྲོད་བྱ་གཅིག་རེད།
དར་སྲོལ་གསར་མ།
གྱོན་པ་དང་འཚོ་བ་རོལ་སྟང་འགྱུར་་བཞིན་ཡོད།
བསམ་བློ་དང་ཀོ་ལྟོགས་ལ་སོགས་འགྱུར་བཞིན་ཡོད།
བོད་པ་ཚོ་དུས་གྱི་རྗེས་སུ་ཆོད་ནས་ཡོད།
འགྱུར་མེད་པ་སྐད་དང་ཡི་གེ་ཤ་ཁྲག་ཡིན།
འགྱུར་མེད་པ་སྐད་དང་ཡི་གེ་ཤ་ཁྲག་ཡིན།
གླུ་ཚིག་སྒྲིག་མཁན། རེ་འབོད།