作词 : Mrqiansi
作曲 : Mrqiansi
编曲:Mrqiansi
后期混音:岗日达哇
ཉམས་ཆུང་ཚེ་སྲོག་གི་གསོན་ཤུགས་ངོམས་རོགས།།
ལང་ཚོའི་མེ་ཏོག་གི་འདབ་མ་གཏོར་རོགས། །
མངར་སྐྱུར་འཚོ་བ་ཡི་བཅུད་ལ་རོལ་རོགས།།
རྟག་བརྟན་འགྱུར་མེད་ཀྱི་རྩེད་ཡ་དགོད་རོགས།།
རྩལ་དྲུག་དཔུང་ལྡིང་གི་སྐྱེམས་མྱུར་འགྲན་རོགས།
མ་འོང་མདུན་ལམ་གྱི་ཁ་ཕྱོགས་འཚོལ་རོགས།
དགའ་སྐྱིད་དགོད་འཛུམ་གྱི་གླུ་ཆུང་ལེན་རོགས།
ན་ཆུང་གཞོན་དུས་ཀྱི་རྩེད་ཡ་དགོད་རོགས།།
འོ། རྩེད་ཡ་དགོད་རོགས།།
འོ་ངའི། རྩེད་ཡ་དགོད་རོགས།།
ང་དགའ་ན་དགོད་པའི་འཛུམ་མདངས་ཡིན། །
ང་སྡུག་ན་སྐྱོ་བའི་མིག་ཆུ་ཡིན། །
ཤེས་བྱའི་རྒྱ་མཚོ་ཡི་མཁའ་དབྱིངས་བསྐྱོད་རོགས། །
སློབ་རའི་རྐང་གྲུག་གི་རྩལ་ལ་འགྲན་རོགས། །
དུས་བཞིའི་འགྱུར་ལྡོག་གི་གདོང་བ་བསུ་རོགས། །
ལོ་ཟླའི་ཉིན་སྲིབ་ཀྱི་རྩེད་ཡ་དགོད་རོགས།།
རྒྱལ་ཕམ་ཐོབ་ཤོར་གྱི་སྐྱིད་སྡུག་གླེང་རོགས། །
མི་ཚེའི་རིན་ཐང་དང་སྙིང་བོ་འཚོལ་རོགས། །
སེམས་ཀྱི་གསང་བ་དང་སྙིང་གཏམ་བཤད་རོགས། །
ལོ་ཟླའི་ཕྱིར་དྲན་གྱི་རྩེད་ཡ་དགོད་རོགས།།
འོ། རྩེད་ཡ་དགོད་རོགས།།
འོ་ངའི། རྩེད་ཡ་དགོད་རོགས།།
ང་དགའ་ན་དགོད་པའི་འཛུམ་མདངས་ཡིན། །
ང་སྡུག་ན་སྐྱོ་བའི་མིག་ཆུ་ཡིན། །
འོ། རྩེད་ཡ་དགོད་རོགས
འོ་ངའི། རྩེད་ཡ་དགོད་རོགས
ང་དགའ་ན་དགོད་པའི་འཛུམ་མདངས་ཡིན། །
ང་སྡུག་ན་སྐྱོ་བའི་མིག་ཆུ་ཡིན། །
歌词翻译:
绽放弱小的生命活力,
挥洒青春热血的花瓣,
品味酸甜苦辣的生活,
是我永恒不变的玩伴,
伴我踏上知识的海洋,
感受校园足球的魅力,
感受四季变化的美丽,
是我相约终身的玩伴。