ལས་དབང་གི་བྱམས་པ། - 央金兰泽
词:周拉加
曲:松当
ལས་དབང་གི་བྱམས་པ།
ཚིག།འབྲུག་ལྷ་རྒྱལ།
གདངས། གསང་བདག།
ལེན་མཁན།དབྱངས་ཅན་ལྷ་མཛེས།
གངས་ཀྱི་འོད་མདང་འཚེར་བའི་འདབས་རོལ་ན།
སྤང་གི་ནེམ་ཤ་བརྡལ་བའི་ཡང་སྟེང་ན།།
སྣང་བའི་ཨ་ལོང་བརྒྱས་པའི་སྙིང་ཆུང་གཉིས།།
མཛའ་བའི་མེ་ཏོག་ཐངས་ལ་ཡན་པའི་དུས།།
གཡང་གི་སྡེ་ཆེན་རྒྱན་དུ་ཤར་བའི་དུས།།ཡ་ཤར་པའི་དུས།
ཨ་ཧ་ཧོ། ལས་ཀྱི་བང་ཆེན་ཐོན་ནས།
ཨ་ཧ་ཧོ། སྙིང་ལ་བྲིས་པའི་དམ་ཚིག།
ཚེ་འདིར་སྨིན་ཐབས་མ་བྱུང།
ཀྱེ་མ་ཀྱི་ཧུད་ ཀྱེ་མ་ཀྱི་ཧུད།
ང་དང་བྱམས་པའི་ལས་ལ། ཐུགས་རྗེ་གཟིགས་མཁན་ཨེ་ཡོད།
ལུ་གུའིའབའ་སྒྲ་མཆེད་པའི་རི་ལུང་ན།
རྫི་གླུའི་དབྱངས་རྟ་འཕུར་བའི་རྟ་གོང་ན།
དྲན་པའི་གདུང་བ་ཉར་བའི་སེམས་པ་གཉིས།།
ཉིན་གྱི་གར་སོང་ས་ནས་འཚོལ་བའི་དུས།།
མཚན་གྱི་རྨི་ལམ་འོག་ནས་འབོད་པའི་དུས།།ཡ་འབོད་པའི་དུས། ཨ་ཧ་ཧོ་་་་