南措 - 情的点缀
作词:色须·热萨
作曲:洛萨
音乐宣传:谢旦贴吧工作室
ང་ཡི་སྙིང་གཏམ་པི་ཝང་སྙན་མོ་ཡིན། །
ཁྱེད་ཀྱིས་ཉན་ན་འདོད་པའི་སྐད་དེ་ཡིན། །
ཚིག་དང་དབྱངས་ལ་འགྱུར་བ་མ་བཏང་བར། །
བརྩེ་བའི་གཞས་འདི་ཁྱེད་ལ་ལེན་བཞིན་ཡོད། །
བདག་གི་སེམས་འདི་ཀ་ཁའི་དབྱངས་རྟ་ཡིན། །
ཁྱེད་ཀྱིས་ལེན་ན་འདོད་པའི་དབྱངས་དེ་ཡིན། །
རྒྱུད་དྲུག་པི་ཝང་དཀར་པོས་རམ་འདེགས་ཡོད། །
སེམས་ཀྱི་དབྱངས་འདི་ཁྱེད་ལ་འབུལ་ནས་ཡོད། །
སྙིང་གཏམ་པི་ཝང་ཕན་ཚུན་དཀྲོལ་ཞོར་དུ། །
སེམས་ཀྱི་དབྱངས་རྟ་ང་ཚོས་ཁྱེད་ལ་ལེན། །
དབྱངས་དང་པི་ཝང་ཨ་འགྲིག་ཆ་འགྲིག་རེད། །
ཨ་འགྲིག་ཆ་འགྲིག་བརྩེ་བའི་རྒྱན་ཆ་ཡིན། །