牧女情歌 - 索南曲珍
词:周拉加
曲:罗塞
音乐宣传:谢旦贴吧工作室
ལྷུང་ལྷུང་རྫ་ཆུ་སྔོན་མོ།
འོ་མའི་རྒྱུན་གྱིས་བཞུར་ནས།
འབྲོག་མོའི་ཡིད་སེམས་དཀྱིལ་ལ།
བརྩེ་བའི་དབྱངས་ཤིག་འཁྲུངས་ཡོད།
དབྱངས་ལ་རྒྱུ་སྤུན་འཛོམས་ནས།
སྦྲ་ནག་གྲུ་བཞིར་ཕུབ་ཡོད།
རིགས་ཀྱི་མགོ་རུ་བརྟན་པོ།
བསྐལ་བའི་མཐའ་ལ་བསྲིང་ཆོག
ཨ། འབྲོག་མོའི་བརྩེ་དབྱངས།
རུས་ཀྱི་གཞི་རྐང་སྣུམ་པོ།
རྫ་ཆུ་སྔོན་མོའི་རྒྱུན་ལ།
གངས་ཀྱི་རྩི་བཅུད་བབས་པས།
འབྲོག་མོའི་ལས་སྐལ་ངོས་ལ།
བརྩེ་བའི་དབྱངས་ཤིག་འཁྲུངས་ཡོད།
དབྱངས་ལ་འབྲས་བུ་སྨིན་ནས།
མར་རྩམ་སྣུམ་པོར་གྱུར་ཡོད།
རིགས་ཀྱི་རྨུ་ཐག་རིང་མོ།
སྲིད་པའི་མཐའ་ལ་འཐེན་ཆོག
ཨ། འབྲོག་མོའི་བརྩེ་དབྱངས།
རུས་ཀྱི་གཞི་རྐང་སྣུམ་པོ།