久美索郎 - 阿妈妈罗
དུང་སོ་ཐར་འཐོར་འདི་མི་ཚེའི་བརྒྱུད་རིམ་ཡིན
སྐྲ་ལོའི་ཁ་དོག་འདི་མི་ཚེའི་འཚོ་བ་ཡིན
གདོང་གི་གཉེར་མ་འདི་མི་ཚེ་ལོ་ཟླ་ཡིན
ཨ་མ་མ་ལོ་ཁྱོད་འདི་ལྟར་རྒས་ཟོང་ཟིག
སྦྲ་ནག་ཀ་དྲུག་འདི་མི་ཚེའི་རྒྱབ་རི་ཡིན
མ་ཎིའི་ཚེམས་འཁོར་འདི་མི་ཚེའི་དཔུང་ཡ་ཡིན
སྒྱེད་པུ་གྲུ་བཞི་འདི་མི་ཚེའི་འདུག་རོགས་ཡིན
ཨ་མ་མ་ལོ་ཁྱོད་འདི་ལྟར་རྒས་སོང་ཟིག
སྒོ་ཕྱུག་དཀར་ནག་འདི་མི་ཚེའི་ནོར་བུ་ཡིན
ཁ་ཟས་རྒྱབ་གོས་འདི་མི་ཚེའི་ལེགས་སྐྱེས་ཡིན
ཁ་ལས་རླུང་རྟ་འདི་མི་ཚེའི་རིན་ཐང་ཡིན
ཨ་མ་མ་ལོ་ཁྱོད་འདི་ལྟར་རྒས་སོང་ཟིག
ལག་པ་ཁབ་ཁོབ་འདི་མི་ཚེའི་དགའ་སྡུག་ཡིན
རྐང་བ་འཁྱར་འཁྱོར་འདི་མི་ཚེའི་བཞུད་ལམ་ཡིན
སྙིང་གཏམ་ལྡབ་ལྡིབ་འདི་མི་ཚེའི་སྙིང་བོ་ཡིན
ཨ་མ་མ་ལོ་ཁྱོད་འདི་ལྟར་རྒས་སོང་ཟིག