ཆར་སིམ།༢
ཚིག ནོར་བུ་བསམ་འགྲུབ།
ཆར་སིམ་ཚར་ནས་གངས་ཡང་འབབས།
དབྱར་དགུན་སྟོན་དཔྱིད་གྲངས་མེད་ཕྱིན་སོང་།
ཡིན་ན་ཡང་ཁྱེད་ནམ་ཡང་ངའི་ལང་ཚོའི་མཛེས་སྡུག་ཡིན།
ཨ་ཡེ
ཁུ་སིམ་གྱི་མཚན་མོ་ལ།
གཅིག་པུར་ལུས་པའི་དུས་དེ་ལ།
མཛེས་པའི་རྗེས་དྲན་སླར་ཡང་སེམས་ལ་འཁོར།
ཆར་སིམ་འབབས་པའི་མཚན་མོ་ལ།
ཁྱེད་ཀྱི་ཞལ་རས་སེམས་ནང་དྲན།
འོན་ཀྱང་ངས་རྒྱང་ནས་ཁྱེད་ལ་བལྟས།
ལས་དབང་རྫོགས། ཁ་ཡང་བྲལ།
ད་ཆ་ཁྱེད་ལ་བདེ་སྐྱིད་ཐོབ།
བུ་ང་ཡིས་ཁྱེད་ལ་ཕྱོགས་ལ་སྨོན་འདུན་ཞུ།
མ་མཇལ་ཡུན་རིང་བུ་མོ་ལགས།
སྤྲོ་སྣང་ལྡན་པའི་འཛུམ་མདངས་དེ།
ཚེ་འདིར་ངས་ཁྱེད་ལ་ཆད་པའི་ལས།
ཁུ་སིམ་གྱི་མཚན་མོ་ལ།
ང་ཡིས་སེམས་གཏིང་གླུ་ཞིག་ལེན།
མཛེས་པའི་བུ་མོ་ད་ཆ་གང་དུ་ཡོད།
ཆར་སིམ་ཚར་ནས་གངས་ཡང་འབབས།
དབྱར་དགུན་སྟོན་དཔྱིད་གྲངས་མེད་ཕྱིན།
འོན་ཀྱང་ངའི་བརྩེ་སེམས་འགྱུར་བ་མེད།
ལོ་མང་བྲལ་ནས་སླར་ཡང་མཇལ།
མཛེས་པའི་རྗེས་དྲན་ལྷང་ལྷང་འཁོར།
ཚེ་འདིར་ཁྱེད་དང་འཕྲད་པ་ཐུགས་རྗེ་ཆེ་ཞུ།
མ་འོངས་ལོ་ཟླ་ཡི་ནང་ལ།
སྐུ་གཟུགས་ཐུགས་ཅག་གནང་རོགས་ཞུ།
ཁྱེད་ནམ་ཡང་ངའི་ལང་ཚོའི་མཛེས་སྡུག་ཞིག
ཆར་སིམ་གྱི་ས་གཞི་བརླན་རྗེས་སྐྱེ་དངོས་ཚར་ཡོང་།
མཛེས་པའི་རྗེས་དྲན་བུ་ངའི་སེམས་ནས་དོར།
བུ་ཆུང་ངས་མིག་ཆུ་ལྷུང་རྗེས་སྐྱིད་སྡུག་ཚོར་ཡོང་།
འོན་ཀྱང་ངས་རྒྱང་ནས་སྨོན་འདུན་ཞུ།
ལས་དབང་རྫོགས། ཁ་ཡང་བྲལ།
ད་ཆ་ཁྱེད་ལ་བདེ་སྐྱིད་ཐོབ།
བུ་ང་ཡི་ཁྱེད་ཕྱོགས་ལ་སྨོན་འདུན་ཞུ།
མ་མཇལ་ཡུན་རིང་བུ་མོ་ལགས།
སྤྲོ་སྣང་ལྡན་པའི་འཛུམ་མདངས་དེ།
ཚེ་འདིར་ངས་ཁྱེད་ལ་ཆད་པའི་ལས།
མ་འོངས་ལོ་ཟླ་ཡི་ནང་ལ།
སྐུ་གཟུགས་ཐུགས་ཅག་གནང་རོགས་ཞུ།
ཁྱེད་ནམ་ཡང་ངའི་ལང་ཚོའི་མཛེས་སྡུག་ཡིན།
ཁྱེད་ནམ་ཡང་བདེ་སྐྱིད་ཡོང་བར་ཤོག