སྙིང་གཡས་གཡུ་ཆུང་གྲུ་དཀར།
ལེན་མཁན།ཨ་བསམ་དང་དབྱངས་ཅན་ལྷ་མཛེས།
གླེང་མོལ་ཨང་གྲངས1572120010
གཞས་ཚིག་འབྲི་མཁན། འབའ་རེ་རྡོ་ཚེ།
ང་ཡི་ཆུང་འདྱིས་བྲམས་པ།།
རྫ་རི་འོག་གི་ཆུ་རེད།།
ཆུ་སྒྲ་ལྷུང་ལྷུང་མགཏོགས།།
ཆུ་རྒྱུན་མཐོང་རྒྱུ་མི་འདུག།།
ཆུ་སྒྲ་ལྷུང་ལྷུང་མ་གཏོགས།།
ཆུ་རྒྱུན་མཐོང་རྒྱུ་མི་འདུག།
ང་ཡི་ཆུང་འདྲིས་འདུག་ས།།
བྲག་རི་དངུལ་དཀར་མེ་ལོང་།།
སེམས་པ་ཐར་ན་མ་གཏོགས།།
ལུས་པོ་ཐར་ས་མ་རེད།།
སེམས་པ་ཐར་ན་མ་གཏོགས།།
ལུས་པོ་ཐར་ས་མ་རེད།།
དབྱར་ཆུ་ཆུ་བོ་རྒྱས་རྒྱས།།
དགུན་ཆུ་རྒྱས་རྒྱུ་ཡོད་ན།།
དཀར་བཟང་གསེར་གྱི་བྱམ་པ།།
རི་བོའི་རྩེ་ནས་བརྩུགས་ཡོད།།
དཀར་བཟང་གསེར་གྲི་བྲམ་པ།།
རི་བོའི་རྩེ་ནས་བརྩུགས་ཡོད།།
རི་མགོ་མཐོ་ལ་མ་བལྟས།།
རི་རྒྱབ་ཡག་ལ་བལྟས་ཡོད།།
ཤ་རྩ་དཀར་ལ་མ་བལྟས་།།
སེམས་པ་བཟང་ལ་བལྟས་ཡོད།།
ཤ་རྩ་དཀར་ལ་མ་བལྟས་།།
སེམས་པ་བཟང་ལ་བལྟས་ཡོད།།
ཨ་འ་འ་ཧ་འ་ཤ་རྩ་དཀར་ལ་མ་བལྟས་།།
ཨ་འ་འ་ཧ་འ་སེམས་པ་བཟང་ལ་བལྟས་ཡོད།།
ཨ་འ་འ་ཧ་འ་ཤ་རྩ་དཀར་ལ་མ་བལྟས་།།
ཨ་འ་འ་ཧ་འ་སེམས་པ་བཟང་ལ་བལྟས་ཡོད།།
ཡིད་འཕྲོག་ལྷ་མོ་ལྟ་བུའི།།
བརྩེ་སེམས་ཁྱོད་ལ་ཡོད་ཡོད་ན།།
ནོར་བཟང་རྒྱལ་པོ་ལྟ་བུའི།།
དཀའ་སྡུག་ང་ཡིས་མྱོང་ཆོག །
ནོར་བཟང་རྒྱལ་པོ་ལྟ་བུའི།།
དཀའ་སྡུག་ང་ཡིས་མྱོང་ཆོག །
དཀར་གསལ་ཟླ་བ་གཞོན་ནུ།།
ཁྱེད་ལ་འཕེལ་འགྲིབ་མེད་ན།།
ང་རང་མེ་ཏོག་ཀུ་མུད།།
དུས་ནམ་ཀུན་ལ་བཞད་ཆོག །
ང་རང་མེ་ཏོག་ཀུ་མུད།།
དུས་ནམ་ཀུན་ལ་བཞད་ཆོག །
ཕར་བསམ་ཡིད་ལ་མེད་དུས།།
ཚུར་བསམ་ལས་ལ་བཀོས་སོང་།།
དགའ་ན་བླ་མ་དཀོན་མཆོག །
སྡུག་ན་སྔོན་གྱི་ལས་རེད།།
དགའ་ན་བླ་མ་དཀོན་མཆོག །
སྡུག་ན་སྔོན་གྱི་ལས་རེད།།
བཀྲ་ལ་ཤིས་པའི་གླུ་རེད།།
གཡང་ལ་ཆགས་པའི་གླུ་རེད།།
བཀྲ་ཤིས་གཡང་ཆགས་གཉིས་ལ།།
འགྱུར་བ་ཡོད་ས་མ་རེད།།
བཀྲ་ཤིས་གཡང་ཆགས་གཉིས་ལ།།
འགྱུར་བ་ཡོད་ས་མ་རེད།།
ཨ་འ་འ་ཧ་འ་བཀྲ་ཤིས་གཡང་ཆགས་གཉིས་ལ།།
ཨ་འ་འ་ཧ་འ་འགྱུར་བ་ཡོད་ས་མ་རེད།།