བཀྲ་ཤིས་ལོ་སར། - མས་པ་དངོས་འགྲུབ།/ཆོས་སྐྱིད།
གཞས་ཚིག:དྲང་ཤེད།
དབྱངས།:བློ་གསལ།
འགྲེམས་སྤེལ།:ལོ་མ་རིག་གནས།
དེ་རིང་བཀྲ་ཤིས་ཉིན་མོ།།
གངས་ཅན་བོད་ཀྱི་ལོ་སར།།
གཙང་མའི་མཆོད་ཁ་དང་པོ།།
མཆོག་གསུམ་ལྷ་ལ་འབུལ་ལོ།།
དཀར་པོ་ཆོས་ཀྱི་བཀྲ་ཤིས།།
ནད་མེད་ཚེ་ཡི་ཁ་འཛིན།།
མི་ཕྱུག་གཡང་གི་སྲུང་མ།།
མཆོག་གསུམ་ལྷ་ཡིས་མཛོད་ཅིག།།
དཀར་པོ་ཆོས་ཀྱི་བཀྲ་ཤིས།།
ཁ་བ་ཅན་ལ་བདེ་ལེགས།།
དེ་རིང་བདེ་ལེགས་ཉིན་མོ།།
གངས་ཅན་བོད་ཀྱི་ལོ་སར།།
ཇ་ཆང་ཟས་ཀྱི་མཆོད་པ།།
དྲིན་ཆེན་ཕ་མར་འབུལ་ལོ།།
རྒན་པ་ཚེ་ཡི་བཀྲ་ཤིས།།
གཡང་ཁྱིམ་དྲོད་ཀྱི་རུ་མ།།
སེམས་ཀྱི་རྒྱབ་རི་སྨུག་པོ།།
དྲིན་ཆེན་ཕ་མས་མཛོད་ཅིག།
རྒན་པ་ཚེ་ཡི་བཀྲ་ཤིས།།
ཁ་བ་ཅན་ལ་བདེ་ལེགས།།
དེ་རིང་རྟེན་འབྲེལ་ཉིན་མོ།།
གངས་ཅན་བོད་ཀྱི་ལོ་སར།།
སྟངས་སྟབས་གླུ་གར་མཆོད་པ།།
ཆོལ་གསུམ་སྤུན་ལ་འབུལ་ལོ།།
གཞིས་བྱེས་ལྷན་འཛོམས་བཀྲ་ཤིས།།
སྐྱིད་ཀྱི་དགའ་ཡ་དགོད་རོགས།
སྡུག་གི་དཔའ་ཡ་དཔུང་རོགས།།
ཆོལ་གསུམ་སྤུན་ཟླས་མཛོད་ཅིག།
འཚེ་མེད་ཞི་བའི་བཀྲ་ཤིས།།
ཁ་བ་ཅན་ལ་བདེ་ལེགས།།
སྐྱིད་ཀྱི་དགའ་ཡ་དགོད་རོགས།
སྡུག་གི་དཔའ་ཡ་དཔུང་རོགས།།
ཆོལ་གསུམ་སྤུན་ཟླས་མཛོད་ཅིག།
འཚེ་མེད་ཞི་བའི་བཀྲ་ཤིས།།
ཁ་བ་ཅན་ལ་བདེ་ལེགས།།
ཁ་བ་ཅན་ལ་བདེ་ལེགས།།