德格叶、旦增才让 - 毕业之歌
作词:居胳桑
作曲:德格叶
ལོ་ལ་ལོ་ཁམས་ཡག་ནས
ལོ་དེར་སློབ་རྭ་འགྲིམ་སོང་
ཤེས་རིག་རྒྱལ་ཁམས་མཐོང་སོང་
རྟེན་འབྲེལ་ཡག་པོ་འགྲིག་སོང་
ལོ་གླུ་མགོ་མའི་རྒྱུད་ནས
ཕ་མ་སྐུ་ཚེ་རིང་ཞུ
ཟླ་ལ་ཟླ་ངོགས་ཡག་ནས
ཟླ་དེར་བཤེས་གཉེན་མཇལ་སོང
ནོར་བུ་ཐོད་པར་འཕྲད་སོང་
རྟེན་འབྲེལ་ཡག་པོ་འགྲིག་སོང་
ཟླ་གླུ་སྙན་མོའི་རྒྱུད་ནས
དགེ་རྒན་བཀའ་དྲིན་ཆེ་ཞུ
ཞག་ལ་ཞག་སྐར་ཡག་ནས
ཞག་འདིར་སློབ་མཐར་ཕྱིན་སོང
མདུན་ལྗོངས་འོད་ཀྱིས་ཁེངས་སོང་
རྟེན་འབྲེལ་ཡག་པོ་འགྲིག་སོང་
ཞག་གླུ་སྐྱིད་པོའི་རྒྱུད་ནས
རང་ལ་རྟེན་འབྲེལ་བཟང་ཞུ
ལོ་ཟླ་ཚེས་ཞག་ཡག་པོར
ལྷན་རྒྱས་བསོད་ནམས་གསེར་ཞལ
མཉམ་གཅིག་འཛོམས་པ་བྱུང་སོང་
རྟེན་འབྲེལ་ཡག་པོ་འགྲིག་སོང་
སེམས་གཞས་དྭངས་མོའི་རྒྱུད་ནས
ལྷན་རྒྱས་སྐུ་ཁམས་བདེ་ཞུ