牧人 འབྲོག་མི།
作词:罗吾旺甲
ཚིག མི་ཉག་ནོར་བུ་དབང་རྒྱལ།
作曲:赞旦罗玛
གདངས། ཙན་དན་ལོ་མ།
演唱:泽旺拉姆、白玛、三木科、罗泽
ལེན་མཁན། ཚེ་དབང་ལྷ་མོ། བློ་ཚེ། པད་མ། བསམ་ཁོ།
音乐营销:梦飞船国际文化
ཉིན་མི་ནོར་ལུག་གི་འཕེལ་ཀ་བརྩིས་ཤིང་།
མཚན་མོ་སྐོར་ཚོགས་ཀྱི་མཛེས་སྡུག་འཐུ་བའི།
མཐོ་སྒང་གི་འབྲོག་མི།
ཉིན་མི་ནོར་ལུག་གི་འཕེལ་ཀ་བརྩིས་ཤིང་།
མཚན་མོ་སྐོར་ཚོགས་ཀྱི་མཛེས་སྡུག་འཐུ་བའི།
མཐོ་སྒང་གི་བདག་པོ།
ཁྱེད་ཀྱི་སེམས་ཁིང་ན་ཉི་ཟླ་སྐར་གསུམ་གྱི་
གསལ་ཆ་དྭངས་མོ་ཡོད།
ཁྱེད་ཀྱི་ཁྱིམ་གཞིས་ན་ཕ་མེས་ཡང་མེས་ཚོའི་འཚོ་
བའི་རིན་ཐང་ཡོད།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་རེད།
ཨ་་་་་་འབྲོག་མི། འབྲོག་མི།
ཨ་་་་་་འབྲོག་མི། འབྲོག་མི།
ཨ་་་་་་འབྲོག་མི། འབྲོག་མི།
རྫི་གླུ་སྙན་མོ་ཡི་དབྱངས་རྟ་འཇམ་པོས།
རི་ལུང་ཐང་གསུམ་ལ་བྱིན་རླབས་རྩོལ་བའི།
མཐོ་སྒང་གི་འབྲོག་མོ།
རྫི་གླུ་སྙན་མོ་ཡི་དབྱངས་རྟ་འཇམ་པོས།
རི་ལུང་ཐང་གསུམ་ལ་བྱིན་རླབས་རྩོལ་བའི།
མཐོ་སྒང་གི་འབྲོག་མོ།
ཁྱེད་ཀྱི་ངག་སྒོ་ནས་ཀ་ཁ་ག་ང་ཡི་གདངས་
དབྱངས་དག་མ་འཁྲུངས།
ཁྱེད་ཀྱི་ཁྱིམ་གཞིས་ནས་གངས་ཅན་བོད་པ་ཡི་
འགྲོ་ལུགས་འདུག་སྲིལ་བྱུང་།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ན་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་རེད།
ཨ་་་་་་འབྲོག་མི། འབྲོག་མི།
ཨ་་་་་་འབྲོག་མི། འབྲོག་མི།
ཨ་་་་་་འབྲོག་མི། འབྲོག་མི།
གངས་རིའི་ཉིན་སྲུབ་ལ་རྐང་རྗེས་བཞག་ནས།
བོད་ཡུལ་མཐོ་སྒང་གི་ཉིན་མཚན་སྲུང་བའི།
མཐོ་སྒང་གི་འབྲོག་མི།།
གངས་རིའི་ཉིན་སྲུབ་ལ་རྐང་རྗེས་བཞག་ནས།
བོད་ཡུལ་མཐོ་སྒང་གི་ཉིན་མཚན་སྲུང་བའི།
མཐོ་སྒང་གི་བདག་པོ།
ཁྱེད་ཀྱི་སེམས་ཁོངས་ན་ཕ་ཡུལ་མཐོ་སྒང་གི་
དབྱར་དགུན་སྟོན་དཔྱིད་དཔར་ཡོད།
ཁྱེད་ཀྱི་འཚོ་གནས་ན་སྤུན་ནུ་མིང་སྲིང་ཚེའི་སྐྱིད་
སྡུག་རི་མོ་མངོན་ཡོད།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་
ཡིན་ལ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་རེད།
ཨ་་་་་་འབྲོག་མི། འབྲོག་མི།
ཨ་་་་་་འབྲོག་མི། འབྲོག་མི།
ཨ་་་་་་འབྲོག་མི། འབྲོག་མི།