作曲 : 拉巴扎西
作词 : 拉巴扎西
ག་རེ་བྱས་པ་རེད།
ཚིག། ལྷག་པ་བཀྲ་ཤིས།
གདངས། ལྷག་པ་བཀྲ་ཤིས།
ལེན་མཁན། ལྷག་པ་བཀྲ་ཤིས། ནོར་བུ་ཚེ་རིང་།
རོལ་དབྱངས་སྒྲིག་བཟོ། ངག་དབང་ཉི་མ།
སྒྲ་ཕབ། བཀྲ་ཤིས་དོན་གྲུབ།
སྒྲ་སྙན། བླ་དད་རོལ་ཚོགས་རྡོ་རྗེ་དོན་གྲུབ།
ཡིག་སྒྱུར། ལྷག་པ་བཀྲ་ཤིས།
བརྡ་ཁྱབ་འཆར་འགོད། ལྷག་པ་བཀྲ་ཤིས།
ནོར་བུ་ཚེ་རིང་།࿅
དབྱར་ཁའི་གནམ་གཤིས་འགྱུར་མདོག་མང་བ།
དེང་སང་མི་ཡི་གཤིས་ཀ་འདྲ།
ཁ་ཤས་སྤྲེལ་ལད་འཁྲབ་ཀྱི་འདུག
ཁ་ཤས་སྡུག་པོ་མྱང་གི་འདུག
ལྷག་པ་བཀྲ་ཤིས།࿅
འཇིག་རྟེན་འདི་ནི་ག་རེ་བྱས་པ་རེད།
དཀར་ནག་དབྱེ་འབྱེད་མེད་པ་ག་རེ་རེད།
མི་ཁ་ཤས་རྒྱུ་ལ་དགའ་ཡི་འདུག
མི་ཁ་ཤས་དབང་ལ་དགའ་ཡི་འདུག
ཡང་སྙིང་སྤྱི་ཚོགས་འདི་ག་རེ་རེད།
གཡོ་སྒྱུ་ཅན་གྱི་མི་དེ་ལ་ཚང་མས་དགའ།
ཡང་སྙིང་སྤྱི་ཚོགས་འདི་ག་རེ་རེད།
ལྷག་བསམ་དཀར་བའི་མི་འདི་ལ་ཕོག་ཐུག་བཏང་།
ནོར་བུ་ཚེ་རིང་།࿅
དགུན་ཁའི་གནམ་གཤིས་གྲང་ངར་ཆེ་བ།
དེང་སང་མི་ཡི་སེམས་དང་འདྲ།
སེམས་པ་དྲང་གཞག་གནང་མཁན་མེད།
སོ་སོ་ཁོ་ན་བསམ་གྱི་འདུག
ལྷག་པ་བཀྲ་ཤིས།࿅
སྤྱི་ཚོགས་འདི་ནི་ག་རེ་བྱས་པ་རེད།
ཟང་ཟིང་ཚ་པོ་འདི་འདྲ་ག་རེ་རེད།
མི་ཁ་ཤས་རྒྱན་འཛུགས་རོལ་ནས་འདུག
མི་ཁ་ཤས་ཆང་གིས་སྨྱོ་ནས་འདུག
ཡང་སྙིང་སྤྱི་ཚོགས་འདི་ག་རེ་རེད།
ཁྲམ་པ་ཆེ་བའི་མི་དེ་ལ་ཚང་མས་དགའ།
ཡང་སྙིང་སྤྱི་ཚོགས་འདི་ག་རེ་རེད།
སེམས་པ་བཟང་བའི་མི་འདི་ལ་ཕོག་ཐུག་བཏང་།
ཡང་སྙིང་སྤྱི་ཚོགས་འདི་ག་རེ་རེད།
གཡོ་སྒྱུ་ཅན་གྱི་མི་དེ་ལ་ཚང་མས་དགའ།
ཡང་སྙིང་སྤྱི་ཚོགས་འདི་ག་རེ་རེད།
ལྷག་བསམ་དཀར་བའི་མི་འདི་ལ་ཕོག་ཐུག་བཏང་།
དྲུག་པའི་ཚེས་པ་བཞི་ལ།
བསང་ཞིག་བཏང་བར་ཕྱིན་པས།
རི་རྩེ་སྨུག་པའི་དཀྱིལ་ནས།
ཆོས་གྲོགས་རྙིང་པ་མཇལ་བྱུང་།