群星 - 格白
ལས་སྨོན་ལམ་བཟང་བོད་དུ་སྐྱེས།།
དྲིན་ཕ་མའི་དཔྲལ་བའི་མིག་ལྟར་བསྐྱང་།།
གཟུགས་ལང་ཚོ་དར་བའི་གངས་ཕྲུག་ངས།།
སེང་དཀར་མོའི་གཡུ་རལ་ངོམས་མཁན་ཡིན།།
གཟུགས་ལང་ཚོ་དར་བའི་གངས་ཕྲུག་ངས།།
སེང་དཀར་མོའི་གཡུ་རལ་ངོམས་མཁན་ཡིན།།
མགོན་བཤེས་གཉེན་དམ་པའི་རྗེས་སུ་ཟུངས།།
བཀའ་མདོ་རྒྱུད་གནད་དང་གཞུང་མང་སྦྱངས།།
ལྷོ་འཛམ་གླིང་བསྐོར་བའི་གངས་ཕྲུག་ང་།།
དཔལ་བློན་ཆེན་ཐོན་མིའི་སྔོན་བསགས་ཡིན།།
ལྷོ་འཛམ་གླིང་བསྐོར་བའི་གངས་ཕྲུག་ང་།།
དཔལ་བློན་ཆེན་ཐོན་མིའི་སྔོན་བསགས་ཡིན།།
སྔོན་ཐུ་བྷོད་བཙན་པོའི་སྙིང་སྟོབས་བཀླགས།།
དུས་ད་ལྟ་ངལ་བསྐྱེད་འཚོ་བ་མྱོང་།།
སེམས་མི་ཁོམ་ལ་རྒྱའི་གངས་ཕྲུག་ང་།།
གཞོན་མི་ཐུབ་ལོ་རྒྱུས་རྡོ་རིང་ཡིན།།
སེམས་མི་ཁོམ་ལ་རྒྱའི་གངས་ཕྲུག་ང་།།
གཞོན་མི་ཐུབ་ལོ་རྒྱུས་རྡོ་རིང་ཡིན།།
ླླལས་རྒྱུ་འབྲས་བསམ་ནས་བདེ་ལམ་རྒྱུད།།
བྱམས་སྙིང་རྗེ་བསམ་ནས་བདེན་ཚིག་སྲུང་།།
རྗེ་སྤྱན་རས་གཟེགས་ཀྱིས་འདུ་སྐད་ང་།།
ཕམ་མི་སྲིད་གསེར་གྱི་རྒྱལ་མཚན་ཡིན།།
རྗེ་སྤྱན་རས་གཟེགས་ཀྱིས་འདུ་སྐད་ང་།།
ཕམ་མི་སྲིད་གསེར་གྱི་རྒྱལ་མཚན་ཡིན།།
ཕམ་མི་སྲིད་གསེར་གྱི་རྒྱལ་མཚན་ཡིན།།