贡尕达哇、央金次卓、泽郎多杰 - 刻进生命里的爱
作词:康·俄周才仁
作曲:贡尕达哇
བརྩེ་དུང་ཤ་འདྲིས་རུས་འདྲིས།
གླུ་འདི་བཏང་ཕོད་ཕ་ཡིན། །
ཚིག་འདི་བྱམས་བརྩེ་མ་ཡིན། །
སྙིང་གྲོགས་རི་སིལ་དམར་པོ། །
ཕ་མ་གཉིས་ཀྱི་འདང་ཡོད། །
ཞེ་སེམས་དམར་པོ་ཁྲག་ཡིན། །
ཁྲག་དེ་རང་གཤིས་དར་ཡིན། །
དར་སྐུད་ཨ་ལོང་མདུད་པ། །
མི་གྲོལ་ཚེ་ཡིས་བརྟན་ཆོག །
ལས་འདི་བསམ་པ་དོན་འགྲུབ། །
ལམ་འདི་ཅི་བསམ་ལྷུན་འགྲུབ། །
མི་ཁྱོད་དགོས་འདོད་ཀུན་འབྱུང་། །
དལ་མོར་ཚེ་ཡིས་བསྐྱལ་དགོས། །
ཚེ་གཅིག་དམ་བཅའ་བྲག་ཡིན། །
བྲག་རི་མི་འགྱུར་སེམས་ཡིན། །
སེམས་ཀྱི་ཕོ་བྲང་དམར་པོ། །
ཁྱེད་མིན་གཞན་ལ་མི་དབང་། །
ཞེ་སེམས་ཕོ་བྲང་དམར་པོ། །
བདག་མོ་ང་ལ་དབང་ན། །
གནས་མལ་ཀ་བ་གདུང་དྲུག །
ཁྱོད་མིན་སུ་ཡིས་མི་ཆོག །
ལས་འདི་བསམ་པ་དོན་འགྲུབ། །
ལམ་འདི་ཅི་བསམ་ལྷུན་འགྲུབ། །
མི་ཁྱོད་དགོས་འདོད་ཀུན་འབྱུང་། །
དལ་མོར་ཚེ་ཡིས་བསྐྱལ་དགོས། །