སྤུན་གྲོགས།
ཚིག། ཁམས་རའི་འཕགས་དུངས།
དབྱངས། གདུགས་དཀར་ཡག།
ལེན་མཁན། གདུགས་དཀར་ཡག། བཀྲ་ཤིས་རྡོ་རྗེ།
དཔའ་རྩལ་སེར་འབྲོང།
གཤིས་རྒྱུད་ཉག་ཕྲན་མདའ།
མནའ་བཅད་སྤུན་ཟླ།
མནའ་བཅད་སྤུན་ཟླ།
ང་ཡི་སྤུན་གྲོགས།
ང་ཡི་སྤུན་གྲོགས།
བློ་རྩ་རི་ལས་བརྟན།
ཁོག་རྒྱ་ཡང་ཤིང་ཆེ།
ཡིད་རྟོན་སྤུན་ཟླ།
ཡིད་རྟོན་སྤུན་ཟླ།
ང་ཡི་གྲོགས་མཆོག།
ང་ཡི་གྲོགས་མཆོག།
ཨེ
རང་སྤུན་ཟླ་གཉིས་ཀ་ཆ་འགྲིག་རེད།
འབྲོང་དར་མ་བཞོན་ནས་རྫ་ལ་འགྲོ།
བྲག་གཡའ་མ་བརྒྱུད་ནས་འཕུར་རི་འགྲོ།
རླུང་སྤུ་གྲི་བར་ནས་མཆོངས་ཤིང་བསྐྱོད།
གྲོགས་ངེད་གཉིས་བོད་མའི་སེམས་ལ་འགྲོ།
སེམས་ལ་འགྲོ།
དཔའ་རྩལ་སེར་འབྲོང།
གཤིས་རྒྱུད་ཉག་ཕྲན་མདའ།
མནའ་བཅད་སྤུན་ཟླ།
མནའ་བཅད་སྤུན་ཟླ།
ང་ཡི་སྤུན་གྲོགས།
ང་ཡི་སྤུན་གྲོགས།
བློ་རྩ་རི་ལས་བརྟན།
ཁོག་རྒྱ་ཡང་ཤིང་ཆེ།
ཡིད་རྟོན་སྤུན་ཟླ།
ཡིད་རྟོན་སྤུན་ཟླ།
ང་ཡི་གྲོགས་མཆོག།
ང་ཡི་གྲོགས་མཆོག།
ཨེ
རང་སྤུན་ཟླ་གཉིས་ཀ་ཆ་འགྲིག་རེད།
འབྲོང་དར་མ་བཞོན་ནས་རྫ་ལ་འགྲོ།
བྲག་གཡའ་མ་བརྒྱུད་ནས་འཕུར་རི་འགྲོ།
རླུང་སྤུ་གྲི་བར་ནས་མཆོངས་ཤིང་བསྐྱོད།
ཨེ།
གྲོགས་ངེད་གཉིས་གངས་ཅན་ཡུལ་ལ་འགྲོ།
ང་ཡི་བླ་རི་ཨ་མྱེ་རྨ་ཆེན།
ང་ཡི་ཟུངས་ཁྲག་རྨ་འབྲ་རྫ་གསུམ།
ང་ཡི་རུས་རྐང་ཕ་སྐད་གཙང་མ།
གྲོགས་འུ་གཉིས་ནམ་ཡང་སྤུན་གྲོགས་ཡིན།
སྤུན་གྲོགས་ཡིན།
གྲོགས་འུ་གཉིས་ནམ་ཡང་སྤུན་གྲོགས་ཡིན།
སྤུན་གྲོགས་ཡིན།
གཙོ་སྒྲུབ་པ། ལྷ་ཐར་ཚེ་རིང།
གླེང་མོལ་ཨང་གྲངས། ༢༤༥༤༦༤༠༣༢༧
一声兄弟大于天,
希望兄弟们能够彼此珍惜感情,万事如意,扎西德勒。