作曲 : 赞丹罗马
罗泽:
ཉིན་མི་ནོར་ལུག་གི་འཕེལ་ཀ་བརྩིས་ཤིང་།
མཚན་མོ་སྐར་ཚོགས་ཀྱི་མཛེས་སྡུག་འཐུ་བའི།
མཐོ་སྒང་གི་འབྲོག་མི།
泽旺拉姆:
ཉིན་མི་ནོར་ལུག་གི་འཕེལ་ཀ་བརྩིས་ཤིང་།
མཚན་མོ་སྐར་ཚོགས་ཀྱི་མཛེས་སྡུག་འཐུ་བའི།
མཐོ་སྒང་གི་བདག་པོ།
罗泽、泽旺拉姆:
ཁྱེད་ཀྱི་སེམས་ཁིང་ན་ཉི་ཟླ་སྐར་གསུམ་གྱི་གསལ་ཆ་དྭངས་མོ་ཡོད།
ཁྱེད་ཀྱི་ཁྱིམ་གཞིས་ན་ཕ་མེས་ཡང་མེས་ཚོའི་འཚོ་བའི་རིན་ཐང་ཡོད།
ཨ་ལ་ཡེ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་རེད།
ཨ་་་་་་འབྲོག་མི།
ཨ་་་་་་འབྲོག་མི།
ཨ་་་་་་འབྲོག་མི།
白玛:
རྫི་གླུ་སྙན་མོ་ཡི་དབྱངས་རྟ་འཇམ་པོས།
རི་ལུང་ཐང་གསུམ་ལ་བྱིན་རླབས་སྕོལ་བའི།
མཐོ་སྒང་གི་འབྲོག་མོ།
三木戈:
རྫི་གླུ་སྙན་མོ་ཡི་དབྱངས་རྟ་འཇམ་པོས།
རི་ལུང་ཐང་གསུམ་ལ་བྱིན་རླབས་སྕོལ་བའི།
མཐོ་སྒང་གི་བདག་པོ།
白玛、三木戈:
ཁྱེད་ཀྱི་ངག་སྒོ་ནས་ཀ་ཁ་ག་ང་ཡི་གདངས་དབྱངས་དག་མ་འཁྲུངས།
ཁྱེད་ཀྱི་ཁྱིམ་གཞིས་ནས་གངས་ཅན་བོད་པ་ཡི་འགྲོ་ལུགས་འདུག་སྲོལ་བྱུང་།
合:
ཨ་ལ་ཡེ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ན་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་རེད།
ཨ་་་་་་འབྲོག་མི།
ཨ་་་་་་འབྲོག་མི།
ཨ་་་་་་འབྲོག་མི།
གངས་རིའི་ཉིན་སྲུབ་ལ་རྐང་རྗེས་བཞག་ནས།
བོད་ཡུལ་མཐོ་སྒང་གི་ཉིན་མཚན་སྲུང་བའི།
མཐོ་སྒང་གི་འབྲོག་མི།།
གངས་རིའི་ཉིན་སྲུབ་ལ་རྐང་རྗེས་བཞག་ནས།
བོད་ཡུལ་མཐོ་སྒང་གི་ཉིན་མཚན་སྲུང་བའི།
མཐོ་སྒང་གི་བདག་པོ།
ཁྱེད་ཀྱི་སེམས་ཁོངས་ན་ཕ་ཡུལ་མཐོ་སྒང་གི་དབྱར་དགུན་སྟོན་དཔྱིད་དཔར་ཡོད།
ཁྱེད་ཀྱི་འཚོ་གནས་ན་སྤུན་ནུ་མིང་སྲིང་ཚེའི་སྐྱིད་སྡུག་རི་མོ་མངོན་ཡོད།
ཨ་ལ་ཡེ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་རེད།
ཨ་་་་་་འབྲོག་མི།
ཨ་་་་་་འབྲོག་མི།
ཨ་་་་་་འབྲོག་མི།