出嫁姑娘 - 曲尔江/多才
词:哇白
曲:玛龙冷智
音乐宣传:谢旦贴吧工作室
ཆུང་ཆུང་ལུ་གུ་འཚོ་རོགས་མ་།
ཡང་ཆུང་མེ་ཏོག་ཐུབ་རོགས་མ།
བཅུ་དྲུག་བུ་མོ་ལང་ཚོ་རྫོགས་།
གནས་འགྲོ་བུ་མོ་གནས་ལ་སོང་།
བཅུ་དྲུག་བུ་མོ་ལང་ཚོ་རྫོགས་།
གནས་འགྲོ་བུ་མོ་གནས་ལ་སོང་།
ཨ་སྔོན་དགོང་ནས་རྒྱུད་དཀར་བཀྲ་།
དོག་མོ་ས་ནས་མེ་ཏོག་བཞད་།
འཛུམ་མདངས་དཀར་བོ་བར་ལམ་ནས་།
གནས་འགྲོ་བུ་མོ་གནས་ལ་སོང་།།
འཛུམ་མདངས་དཀར་བོ་བར་ལན་ནས་།
གནས་འགྲོ་བུ་མོ་གནས་ལ་སོང་།
གོས་གསར་སྟེབ་མ་ཤིག་སེ་ཤིག་།
གཡུ་བྱུ་རྒྱན་ཆ་ཤག་སེ་ཤག་།
འདོ་རིགས་རྟ་བོ་གོང་ཁ་ནས་།
གནས་འགྲོ་བུ་མོ་གནས་ལ་སོང་།།
འདོ་རིགས་རྟ་བོ་གོང་ཁ་ནས་།
གནས་འགྲོ་བུ་མོ་གནས་ལ་སོང་།།
གནས་འགྲོ་བུ་མོ་གཤིས་རྒྱུད་བཟང་།
གཤས་རྒྱུད་བཟང་བ་ཕ་མའི་དྲིན་།
དྲིན་ཆེན་ཕ་མ་སེམས་ལ་བཟུང་།
གནས་འགྲོ་བུ་མོ་གནས་ལ་སོང་།།
དྲིན་ཆེན་ཕ་མ་སེམས་ལ་བཟུང་།
གནས་འགྲོ་བུ་མོ་གནས་ལ་སོང་།།