地球母亲 - 欧珠
词: 多旦巴达杰
曲:扎西多杰
ང་ཚོའི་ཨ་མ་ལགས། ས་སྒང་།
ང་ཚོའི་ཨ་མ་ལགས། ས་སྒང་།
ཨ་མའི་པང་ན་ཡོད་དུས།
ཨ་མའི་སྐུ་དྲིན་མ་ཚོར།
གངས་རི་ཞི་སོང་།
བྲག་རི་གཏོར་སོང་།
རྫ་རི་ནུབ་སོང་།
རིན་ཆེན་ཁྱེར་སོང་།
དེ་ནི་དྲིན་ཆེན་ཨ་མའི་ཞལ་རས།
དེ་ནི་དྲིན་ཆེན་ཨ་མའི་སེམས་པ།
དེ་ནི་དྲིན་ཆེན་ཨ་མའི་སྐུ་ཤ་རེད།
ང་ཚོའི་ཨ་མ་ལགས། ས་སྒང་།
ཁྱེད་ཀྱི་བྱམས་བརྩེ་ང་ཚོའི་མ་ཤེས།
ཁྱེད་ཀྱི་སྐུ་དྲིན་ང་ཚོའི་མ་ཚོར།
བྱམས་སེམས་ཆེ་བའི་ཨ་མལགས།
ཁྱེད་ལ་བར་ཆད་མེད་པའི་སྨོན་ལམ་འདེབས།
ཨ་མའི་རྒས་གཉེར་མཐོང་དུས།
སེམས་པ་གདུང་ནས་སྐྱོ་སོང་།
ཆུ་བོ་སྐམ་སོང་།
སྡོང་ལོ་ཐོར་སོང་།
རི་དྭགས་བསད་སོང་།
དམག་འཁྲུག་བརྒྱབ་སོང་།
དེ་ནི་ཨ་མའི་རུས་པ།
དེ་ནི་ཨ་མའི་ཟུངས་ཁྲག
དེ་ནི་ཨ་མའི་དབུ་སྐྲ་རེད།
ང་ཚོའི་ཨ་མ་ལགས། ས་སྒང་།
ཁྱེད་ཀྱི་ལུས་ལན་ཚ་བཟོས་སོང་།
ཁྱེད་ཀྱི་ལུས་ལ་སྡུག་བསྔལ་བཞག་སོང་།
བྱམས་བརྩེ་ཅན་གྱི་ཨ་མ་ལགས།
ཁྱེད་ལ་བར་ཆད་མེད་པའི་སྨོན་ལས་འདེབས།