父母的恩情 - 尊追
词:民歌
曲:民歌
编曲:尊追
༼ལུས་དར་དྲུག་གཟུགས་གཞི་མ་སྒུར་གོང༽
ཚིགཿདམངས་ཁྲོད།
དབྱངསཿདམངས་ཁྲོད།
ལུས་དར་དྲུག་གཟིགས་གཞི་མ་སྒུར་གོང་།།
གོས་ཡག་པ་ཡོད་ན་ཕ་མར་སྐོན།།
ལུས་དར་དྲུག་གཟིགས་གཞི་སྒུར་སོང་དུས།།
གོན་འདོད་ཀྱང་ལུས་ཀྱིས་མི་ཤོང་གི།
མིག་ཁྲ་ཆུང་མཆི་མས་མ་བསྐོར་གོང་།།
རྟགས་ལྟར་མོ་ཡོད་ན་ཕ་མར་སྟོན།།
མིག་ཁྲ་ཆུང་མཆི་མས་བསྐོར་སོང་དུས།།
ལྟ་འདོད་ཀྱང་མིག་གིས་མི་རིག་གི།
ཁའི་དུང་སོ་སུམ་ཅུ་མ་འཐོར་གོང་།།
ཟས་ཞིམ་པོ་ཡོད་ན་ཕ་མར་བྱིན།།
ཁའི་དུང་སོ་སུམ་ཅུ་འཐོར་སོང་དུས།།
ཟ་འདོད་ཀྱང་སོ་ཡིས་མི་ཆོད་གི།