编曲 : 阿忠/极地音符发布
ཡ་ང་བའི་བརྩེ་དུང་།
གཞས་པ། ཨ་དྲུང་།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
ཡང་སྙིང་ག་རེ་བྱས་པ་རེད།
ཁྱེད་ཀྱི་སེམས་པ་འགྱུར་འདུག
ཁ་སང་གི་སྙིང་གཏམ་དེ།
དེ་རིང་དེ་འདྲ་ཆག་དགོས་ཡས་ག་རེ་རེད
ཁྱེད་ལ་ལྷ་གསོལ་ཀླུ་གསོལ་བྱས་ཀྱང་།
ད་དུང་བྱུང་མི་འདུག་རྐྱང་རེད།
ངེད་གཉིས་ཀྱི་བརྩེ་དུང་དེ།
དམྱལ་ལའི་ནང་ལ་སླེབས་པ་འདྲ་བྱུང་།
གལ་སྲིད་མི་ཡོང་བསམ་ན།
ལག་པ་ང་རས་གློད་ཆོག
སྡུག་རུས་ག་ཚོད་བྱས་ཀྱང་།
ང་ལ་སྡུག་པོ་གཏོང་ཡས་ག་རེ་རེད།
མི་ཡུལ་སྒང་ལ་སླེབས་པ་ཡིན་ཀྱང་།
གཞན་དང་མི་འདྲ་བ་དེ་གང་རེད།
ཁྱེད་རང་གི་རང་གཤིས་དེ།
དྲོ་སྐྱིད་ཁྱིམ་ཚང་མེད་པ་བཟོས་སོང་།
བླ་མ་དཀོན་མཆོག་མཁྱེན།
མི་དེ་དང་མཉམ་དུ་མ་བཞག་རོགས།
ང་ཡི་ཕ་མས་གནང་བའི་ཚེ་སྲོག་དེ་ནི།
ད་དོན་དག་མེད་པ་ཤོར་ས་རེད།
ངས་དགའ་སའི་མི་དེ་ནི།
མི་མ་རེད་གདོན་འདྲེ་གསོན་པོ་རེད།
འགྲེལ་བཤད་རྒྱབ་ས་ནི་རྐང་གཅིག་མི་འདུག
རྟག་པར་སོ་སོའི་དེ་འགྲིག་པ་རེད། རེད་འདུག
གལ་སྲིད་མི་ཡོང་བསམ་ན།
ལག་པ་ང་རས་གློད་ཆོག
སྡུག་རུས་ག་ཚོད་བྱས་ཀྱང་།
ང་ལ་སྡུག་པོ་གཏོང་ཡས་ག་རེ་རེད།
མི་ཡུལ་སྒང་ལ་སླེབས་པ་ཡིན་ཀྱང་།
གཞན་དང་མི་འདྲ་བ་དེ་གང་རེད།
ཁྱེད་རང་གི་རང་གཤིས་དེ།
དྲོ་སྐྱིད་ཁྱིམ་ཚང་མེད་པ་བཟོས་སོང་།
བླ་མ་དཀོན་མཆོག་མཁྱེན།
མི་དེ་དང་མཉམ་དུ་མ་བཞག་རོགས།
ང་ཡི་ཕ་མས་གནང་བའི་ཚེ་སྲོག་དེ་ནི།
ད་དོན་དག་མེད་པ་ཤོར་ས་རེད།
ངས་དགའ་སའི་མི་དེ་ནི།
མི་མ་རེད་གདོན་འདྲེ་གསོན་པོ་རེད།
འགྲེལ་བཤད་རྒྱབ་ས་ནི་རྐང་གཅིག་མི་འདུག
རྟག་པར་སོ་སོའི་དེ་འགྲིག་པ་རེད། རེད་འདུག
བླ་མ་དཀོན་མཆོག་མཁྱེན།
མི་དེ་དང་མཉམ་དུ་མ་བཞག་རོགས།
ང་ཡི་ཕ་མས་གནང་བའི་ཚེ་སྲོག་དེ་ནི།
ད་དོན་དག་མེད་པ་ཤོར་ས་རེད།
ངས་དགའ་སའི་མི་དེ་ནི།
མི་མ་རེད་གདོན་འདྲེ་གསོན་པོ་རེད།
འགྲེལ་བཤད་རྒྱབ་ས་ནི་རྐང་གཅིག་མི་འདུག
རྟག་པར་སོ་སོའི་དེ་འགྲིག་པ་རེད། རེད་འདུག
ང་ཡི་ལས་ལ་མི་འདི་འདྲ་ཞིག་ཐུག་དགོས་དོན་གང་ཡིན།