久美索郎 - 今世
ང་རང་འདི་ནས་སྐྱེས་དེ་འདི་ནས་ཤི
མི་ཚེ་འདི་ནས་བསྐྱལ་ཞིང་འདི་ནས་འདས
འཇིག་རྟེན་འདི་ནས་རོལ་ཞིང་འདི་ནསཟད
ཚེ་སྲོག་འདི་ནས་སྐྱེས་ཤིང་འདི་ནས་རྒུད
ང་ཡི་མི་ཚེ
ང་ཡི་འཇིག་རྟེན
ང་ཡི་ཚེ་སྲོག
ང་རང་འདི་ནས་ཕམ་སྟེ་འདི་ནས་རྒྱལ
འཁོར་བ་འདི་ནས་གཡེང་ཞིང་འདི་ནས་བརྩོན
འཚོ་བ་འདི་ནས་སྐྱིད་ཅིང་འདི་ནས་སྡུག
འཇིག་རྟེན་འདི་ནས་བརྩམས་ཤིང་འདི་ནས་རྫོགས
ང་ཡི་འཁོར་བ
ང་ཡི་འཚོ་བ
ང་ཡི་འཇིག་རྟེན
ང་རང་འདི་ནས་འགྲོགས་ཞིང་འདི་ནས་བྲལ
བརྩེ་བ་འདི་ནས་དགོད་ཅིང་འདི་ནས་ངུ
ལས་དབང་འདི་ནས་འཛོམས་ཞིངའདི་ནས་གྱེས
དམ་བཅའ་འདི་ནས་བཞག་ཀྱང་འདི་ནས་འགྱུར
ང་ཡི་བརྩེ་བ
ང་ཡི་ལས་དབང
ང་ཡི་དམ་བཅའ