木雅格让曲珍 - 日月的父母
ཉི་འོད་འདྲ་བའི་ཨ་ཕ
གངས་རིའི་རྩེ་ནས་མཇལ་བྱུང་
དྲིན་ལྡན་སྐྱོང་བའི་མཛད་རྗེས
བུ་མོའི་སེམས་ནས་བརྗེད་མེད
དུང་ཟླ་འདྲ་བའི་ཨ་མ།
འཛུམ་ཟུར་དྲོད་མོ་ཐུགས་བརྩེ
བྱམས་སེམས་ནམ་མཁའི་དབྱངས་སུ
བུ་མོའི་སེམས་སུ་འཁོར་ཤོག།
བཀའ་དྲིན་ཅན་གྱི་ཨ་ཕ
བྱམས་སེམས་ཅན་གྱི་ཨ་མ
འཛམ་གླིང་ཉི་ཟླའི་རྒྱལ་ཚབ
སྐུ་ཚེ་བསྟན་པའི་སྨོན་ལམ
བུ་མོའི་སེམས་ཀྱི་གླུ་དེ
ཕ་མའི་ཕྱོགས་སུ་བསྐུར་ཡོད
སྤྲོ་སེམས་འཁོར་བའི་གླུ་འདིའི
ཕ་མར་དྲིན་ལན་མཇལ་ཡོང་