思念家乡 (MIX) - 阿柔阿华
词:阿凯桑
曲:华锐嘉措
原唱:阿柔阿华
歌词制作:珞玛文化
སེམས་ལ་ཁ་བ་ལྷབ་ལྷུབ་བབས་བྱུང་།།
སེམས་ལ་ཆར་བ་ཤག་ཤག་བབས་བྱུང་།།
ཁ་ཆར་འདྲེས་མའི་སེམས་ཁམས་ནང་ལ།།
ཁ་བ་འབབ་པའི་ཕ་ཡུལ་ཤར་བྱུང་།།
ཆར་བ་འབབ་པའི་ཕ་ཡུལ་ཤར་བྱུང་།།
ཕ་ཡུལ་དབྱར་དགུན་གཉིས་ལ་དྲན་བྱུང་།།
ཕ་ཡུལ་དབྱར་དགུན་གཉིས་ལ་དྲན་བྱུང་།།
ཕ་ཡུལ་ལགས།ཐོག་མའི་ལྟེ་ཁྲག་འཕོ་ས་ཡིན་ལ་ལང་ཚོའི་གཉོམ་ལག་རྒྱས་ས་ཡིན།
བྱིས་དུས་རྩེད་ར་སྒྲིག་ས་ཡིན་ལ་རྒས་དུས་ཞེ་སེམས་འཐོག་ས་ཡིན།
དྲིན་ཆེན་ཕ་མ་འདི་ན་བཞུགས་ལ་ཕུ་ནུ་མིང་སྲིང་འདི་ན་ཡོད།
ཁ་ཡ་ན་ཟླ་འདི་ན་ཡོད་ལ་རྩེད་ཡ་དགོད་གྲོགས་འདི་ན་ཡོད།
ཕ་ཡུལ་ཆེ་ཆེ་འཛམ་བུ་གླིང་གི་རྩེ་ན་ཡོད།
ཕ་ཡུལ་ཆུང་ཆུང་རུ་སྡེ་ཁྲ་མོའི་ནང་ན་ཡོད།
ཕ་ཡུལ་ཆེ་ཆེ་གངས་ཅན་ཁ་བའི་ལྗོངས་ན་ཡོད།
ཕ་ཡུལ་ཆུང་ཆུང་མདོ་ལ་རིང་མོའི་འདབས་ན་ཡོད།
ཕ་ཡུལ་ཆེ་ཆེ་གངས་དཀར་སེམས་ཀྱི་དཀྱིལ་ན་ཡོད།
ཕ་ཡུལ་ཆུང་ཆུང་ཤ་གསེང་རུས་གསེང་ན་ཡོད།
སེམས་ལ་གསེར་གྱི་ཉི་མ་ཤར་བྱུང་།།
སེམས་ལ་དུང་གི་ཟླ་བ་ཤར་བྱུང་།།
ཉི་ཟླའི་བར་གྱི་སེམས་པའི་ནང་ལ།།
མེ་ཏོག་བཞད་པའི་ཕ་ཡུལ་ཤར་བྱུང་།།
སྐར་ཚོགས་བཞད་པའི་ཕ་ཡུལ་དྲན་བྱུང་།།
ཕ་ཡུལ་ཉིན་མཚན་གཉིས་ལ་དྲན་བྱུང་།།