གཤེན་རབ་ཐུགས་ཀྱི་སྙིང་ཁུ།
ཞང་བོད་རིག་པའི་མ་ཡིག
གངས་ཅན་རི་བོའི་ནོར་བུ།
ཕ་ཆོས་གཡུང་དྲུ་བོན་པོ།
མཐོན་པོ་ངོ་སོ་མི་བསྟོད།
ཉམས་ཆུང་ནུས་མེད་མི་སྡང་།
དོན་དངོས་ཆོས་རྗེ་ཆེན་པོ།
བླ་མ་ཚུལ་ཁྲིམས་འབྱུང་གནས།
ཀུན་སྤྱོད་དར་དཀར་གཙང་མ།
ནང་སེམས་ཤེས་ཡོན་ཕྱུག་པོ།
བཤད་སྒྲུབ་རིག་པའི་ལྡེ་མིག
སློབ་དཔོན་བསྟན་འཛིན་འགྱུར་མེད།
འཕངས་མེད་སྦྱིན་པའི་ཚོགས་རྫོགས།
འཛེན་མེད་ལྟ་བ་མངོན་གྱུར།
མ་བཅོས་རྫོགས་ཆེན་རྣལ་འབྱོར།
གྲུབ་ཆེན་ཤེས་རབ་མཐར་ཕྱིན།
未经许可,不得翻唱或使用