三江之韵 - 曲麻·巴德仁青/才仁看着
词:白才
曲:思塔多杰
རྨ་ཆུ་ཡ་རྨ་ཆུ།
ཆུ་ཡི་མཆོད་རྟེན་དམར་པོ།
རྟ་རྒྱུག་རྒྱལ་འཇོག་གི་ལོ་རྒྱུས།
རྨ་ཆུའི་རླབས་རྒྱུན་གྱི་འཇའ་ཚོན་ལ་ཤར།
ཕ་ཡུལ་་་ཨ་་་ཕ་ཡུལ།
ངའི་སེམས་ནང་གི་མཆོད་རྟེན་དམར་པོ།
ནམ་ཡང་བརྗེད་ཐབས་མེད།
འབྲི་ཆུ་ཡ་འབྲི་ཆུ།
ཆུ་ཡི་མཆོད་རྟེན་སེར་པོ།
སྐྱ་ལོ་རིག་གནས་ཀྱི་ལོ་རྒྱུས།
འབྲི་ཆུའི་རླབས་རྒྱུན་གྱི་འཇའ་ཚོན་ལ་ཤར།
ཕ་ཡུལ་་་ཨ་་་ཕ་ཡུལ།
ངའི་སེམས་ནང་གི་མཆོད་རྟེན་སེར་པོ།
ནམ་ཡང་བརྗེད་ཐབས་མེད།
ྫ་ཆུ་ཡ་རྫ་ཆུ།
ཆུ་ཡི་མཆོད་རྟེན་སྔོན་པོ།
སྟག་གཟིག་ནོར་རྫོང་གི་ལོ་རྒྱུས།
རྫ་ཆུའི་རླབས་རྒྱུན་གྱི་འཇའ་ཚོན་ལ་ཤར།
ཕ་ཡུལ་་་ཨ་་་ཕ་ཡུལ།
ངའི་སེམས་ནང་གི་མཆོད་རྟེན་སྔོན་པོ།
ནམ་ཡང་བརྗེད་ཐབས་མེད།