眼泪汪念的呼唤 - 索南昂秀
词:果洛阳光
曲:纱尔希.索南昂秀
原唱:纱尔希.索南昂秀
音乐宣传:谢旦贴吧工作室
ཐུགས་རྗེའི་རིགས་དྲུག་ཡོངས་ལ་གཟིགས། །
གསུངས་གི་སྤྲང་ཆར་སློབ་འབངས་གནང་། །
འདི་ཕྱིའི་སྐྱབས་ཡུལ་དམ་པ་དེ། །
བླ་མ་དྲན་པའི་གླུ་ཞིག་ལེན། །
རྒྱུ་འབྲས་གནས་སའི་མི་ཡུལ་ནས། །
ལེགས་པའི་ལམ་སྟོན་གནང་མཁན་དེ། །
ཨ།བླ་མ་ལགས།དྲིན་ཆེན་རྩ་བའི་བླ་མ།
སྐྱབས་གཅིག་འདི་ཕྱིའི་མགོན་པོ་ལགས། །
སྐུ་དྲིན་བསམ་ན་ལྷག་ཏུ་དྲན། །
ལེགས་བཤད་མ་ཐོས་སྐྱོ་བ་ཞིག།
ཞལ་འཇལ་མ་བྱུང་སྡུག་བསྔལ་ཞིག།
སྐྱབས་མགོན་སྐལ་བཟང་ཉི་མ་མཆོག། །
འདི་ཕྱིའི་གསོལ་འདེབས་བྱེད་ས་ཡིན། །
གངས་ཀྱི་ཁ་དོག་དཀར་ས་ནས། །
ཉི་ཟླའི་འོད་ཟེར་རང་འཕྲོས་ཡིན། །
ཨ།བླ་མ་ལགས།དྲིན་ཆེན་རྩ་བའི་བླ་མ།
བྱམས་བརྩེའི་ཕྱུག་པའི་དག་ཞིང་རུ། །
བླ་མའི་བྱིན་རླབས་རང་འཁྱིལ་ཡིན། །
ཡིག་དྲུག་བྱིན་རླབས་འཕྲོས་ས་དེ། །
དགེ་བཅུའི་བསྟན་པ་དར་ས་ནས། །
སྐྱབས་གཅིག་འདི་ཕྱིའི་བླ་མ་ལགས། །
ཡང་སྤྲུལ་གསེར་ཞལ་འཕྲོས་པར་ཤོག།
ངེད་ཅག་ཉམ་ཆུང་སློབ་འབངས་ཀྱིས། །
སྐུ་ཡི་ཞལ་གསུང་སྒྲུབ་བཞིན་དུ། །
ཨ།བླ་མ་ལགས།དྲིན་ཆེན་རྩ་བའི་བླ་མ།
བླ་མ་ཁྱེད་ཀྱི་ཡང་སྤྲུལ་ཞིག
མྱུར་འཇལ་སྨོན་ལམ་འདེབས་ནས་ཡོད།