作词 : 朗顿边觉
作曲 : 边洛
དུས་གཅིག་ད་ལོ་དགའ་བ་སྐལ་བཟང་ཡར་འགྲོ
དེ་ལས་དུས་སང་སྐྱིད་པ་སྐལ་བཟང་ཡར་འགྲོ
སྐྱིད་པའི་ཉི་མ་ཤར་དུས་བཀྲ་ཤིས་ལོ་གསར་ཤར་བྱུང་།
སྐལ་བཟང་ལ་སྐལ་བཟང་ཡར་འགྲོ
བཀྲ་ཤིས་གྲོ་སོ་ཕྱེ་མར་སྐལ་བཟང་ཡར་འགྲོ
ལོ་ལེགས་ཡོང་བའི་རྟན་འབྲེལ་སྐལ་བཟང་ཡར་འགྲོ
གཡང་དཀར་ལུག་གི་དབུ་དེ།
འབྲོག་ལས་འཕེལ་བའི་རྟེན་འབྲེལ།
སྐལ་བཟང་ལ་སྐལ་བཟང་ཡར་འགྲོ
གཡང་དཀར་ལུག་གི་དབུ་དེ།
འབྲོག་ལས་འཕེལ་བའི་རྟེན་འབྲེལ།
སྐལ་བཟང་ལ་སྐལ་བཟང་ཡར་འགྲོ
སྐེ་ལ་སྒྲོན་པའི་མཇལ་དར་སྐལ་བཟང་ཡར་འགྲོ
ལྷད་མེད་ཤེལ་དཀར་གཙང་མ་སྐལ་བཟང་ཡར་འགྲོ
སྐུ་གཟུགས་བདེ་ཐང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད།
སྐལ་བཟང་ལ་སྐལ་བཟང་ཡར་འགྲོ
གཏན་དུ་བདེ་བ་ཐོབ་པ་སྐལ་བཟང་ཡར་འགྲོ
བྱ་བ་ལམ་འགྲོ་ཡོང་བའི་སྐལ་བཟང་ཡར་འགྲོ
དུས་སང་སླར་ཡང་མཇལ་རྒྱུའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད།
སྐལ་བཟང་ལ་སྐལ་བཟང་ཡར་འགྲོ
དུས་སང་སླར་ཡང་མཇལ་རྒྱུའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད།
སྐལ་བཟང་ལ་སྐལ་བཟང་ཡར་འགྲོ