雪山阿玛 - 索朗益西
词:布达瓦
曲:罗泽
制作:谢旦贴吧
ལུས་སེམས་སྐྱིད་པའི་ཨ་མ་ལགས།
ཁྱེད་ང་ཡི་མ་སྐྱེས་དཔལ་ལྡན་ལྷ་མོ།
འཛམ་གླིང་ཆགས་འཇིག་གང་འདྲ་སོང་ཡང་།
སྐྱེ་བ་སྟོང་དང་ཁྲི་ཕྲག་བརྗེས་ཀྱང་།
ཁྱེད་ཀྱི་བརྗིད་ཉམས་ཁྱེད་ཀྱི་ཞལ་རས།
ཚང་མ་ང་ཡི་ཁྲག་རྒྱུན་ང་ཡི་གཟི་བརྗིད།
འོ་་་ཧོ་་་་་་གངས་རིའི་ཨ་མ་ལགས།
ཁྱེད་ཀྱིས་དབུ་འཕང་ཁྱེད་ཀྱི་མཚན་སྙན།
ཡོད་ཚད་ང་ཡི་རྗེས་ཤུལ་ང་ཡི་མཁའ་དབྱིངས།
ཚེ་གཅིག་ལུས་གཅིག་གི་ཨ་མ་ལགས།
བུ་ང་ཡི་སྐྱབས་མགོན་སྲིད་པ་རྒྱལ་མོ།
མི་ཚེ་སྐྱིད་སྡུག་གང་འདྲ་མཐོང་ཡང་།
རྒྱལ་ཁམས་ཆེན་མོ་མཐའ་ནས་འགྲིམ་དགོས་ཀྱང་།
ཁྱེད་ཀྱི་མཛེས་ཉམས་ཁྱེད་ཀྱི་འོད་ཟེར།
ཡོད་ཚད་ང་ཡི་དད་ས་ང་ཡི་ཞིང་ཁམས།
འོ་་་་་ཧོ་་་་་་་་གངས་རིའི་ཨ་མ་ལགས།
ཁྱེད་ཀྱི་སྤྱན་རས་ཁྱེད་འཛུམ་ཞལ།
ཡོད་ཚད་ང་ཡི་གཤོག་ལེབ་ང་ཡི་ནམ་འཕང་།
འོ་་་་་ཧོ་་་་་་་་གངས་རིའི་ཨ་མ་ལགས།
ཁྱེད་ཀྱི་སྤྱན་རས་ཁྱེད་འཛུམ་ཞལ།
ཡོད་ཚད་ང་ཡི་གཤོག་ལེབ་ང་ཡི་ནམ་འཕང་།