爱的诺言 - 果洛扎西东智
词:果洛扎西东智
曲:果洛扎西东智
音乐宣传:谢旦贴吧工作室
སྣང་བ་ཡི་ཉིང་ཁུ་དེ
གཙང་བོའི་རྒྱུན་ལ་འདྲེས་ཡོད
སྨོན་པ་ཡི་ལས་འཕྲོ་དེ
གཙང་བོའི་བཞུར་སྒྲ་རུ་འཐིམ་ཡོད
ཁྱེད་དང་ང་ཡི་ཁ་ཡིག་མི་འགྱུར་ཨ་ཡིག་རང་གསལ་ཡིན་པས
རྡོ་བརྐོས་རི་མོ་བཞིནནམ་ཡང་ནོགས་པ་མེད
ཚེ་ཡི་དམ་བཅའ་གཙང་ཞིང་དམ་པར་ཤོག
འཁོར་བའི་སྣུམ་ཁ་གཡང་གིས་བྱུག་པར་ཤོག་ཅིག
རེ་བའི་ལང་ཚོ་འདི་ཁ་བའི་པང་ནས་བདེ་ཞིང་སྐྱིད་ལ
ཕྱི་ཐག་ཁྱེད་ལ་དགོསགཏན་ཚིགས་ང་ལ་ཡོད
དུང་སེམས་ཀྱི་དར་དཀར་དེ
གངས་རིའི་ལྗོངས་ན་བལྟམས་ཡོད
ཞེ་འདྲེས་ཀྱི་མེ་ཏོག་དེ
གངས་ཀྱི་གྲོང་ཚོ་ན་བཞད་ཡོད
ཁྱེད་དང་ང་ཡི་དམ་ཚིག་མི་འཇིག་རྡོ་རྗེའི་བྲག་རི་ཇི་བཞིན
སྲ་ཞིང་འཐས་པ་ཡིནནམ་ཡང་འཇིག་པ་མེད
མི་ཚེའི་བཤུལ་ལམ་ཁ་དགེ་དབང་ཐང་རྒྱས
འཚོ་བའི་གཞིས་ཀར་སྐྱིད་ཀྱིས་ཁེངས་པར་ཤོག་ཅིག
བརྩེ་བའི་སེམས་པ་འདི་སྣང་བའི་ཁྱིམ་ནས་མཐུན་ཞིང་འདྲེས་པས
ཡིད་ཆེས་ཁྱེད་ལ་དགོསརེ་བ་ང་ལ་ཡོད