阿桑旦巴、桑杰才让 - 牧羊姑娘
作词:阿桑旦巴
作曲:桑杰才让
编曲:公保拉松
混音:李成江
录音:张蔚蔚
母带工程:九歌传媒兰州录影棚
རི་གསུམ་ཁེས་ནས་མ་ཐུག།།
སྣང་བ་མཐུན་པའི་འབྲོག་མོ།།
སྨུག་པ་དྭངས་པའི་གཞུག་ནས།།
ལུང་གསུམ་མདོ་ནས་འཕྲད་བྱུང་།།
ཚིག་གི་མདུད་པ་ཞིག་སོང་།།
བརྩེ་བའི་འོ་ཆུ་འདྲེས་སོང་།།
སྙིང་མཐུན་འབྲོག་མོ།
ལང་ཚོ་རི་ནས་སྨིན་པས།།
ན་ཆུང་འབྲོག་པའི་བུ་མོ།།
མཁུར་ཚོས་བྱུ་རུའི་མདངས་ཡིན།།
བརྩེ་འདང་ནས་ཆང་བཅུད་ཡིན།།
འཐུང་ན་དགའ་བས་བཟི་འགྲོ།།
འགྲོགས་ན་སྣང་བ་མཐུན་འགྲོ།།
སྙིང་མཐུན་འབྲོག་མོ།།
སེར་ཆེན་མེ་ཏོག་དཀྱིལ་ན།།
མགོ་རྒྱན་བསླེས་པའི་འབྲོག་མོ།།
གནམ་ངོ་གཡའ་དག་འོག་ཏུ།།
རྩྭ་ལྗང་གདན་དུ་བཏིངས་དུས།།
སྣང་བའི་གཡུ་སྦྲང་ཆ་གཅིག།
དུང་བའི་སེམས་པ་ཆ་འགྲིག།
སྙིང་མཐུན་འབྲོག་མོ།།