益丹平措 - 幸福的太阳
作词:民间
作曲:民间
ཉི་མ་ཤར་ནས་ཤར་བྱུང་།
རྒྱལ་རྩེའི་ཕུ་ནས་ཤར་བྱུང་།
དགོན་ཆེན་བཀྲ་ཤིས་ལྷུན་པོར།
འཇ་དང་འོད་ཀྱི་ཁེངས་སོང་།
དགོན་ཆེན་བཀྲ་ཤིས་ལྷུན་པོར།
འཇ་དང་འོད་ཀྱི་ཁེངས་སོང་།
ཀུན་གཟིགས་བོད་ལ་ཕེབས་བྱུང་།
པཎ་ཆེན་བོད་ལ་ཕེབས་བྱུང་།
དགོན་ཆེན་བཀྲ་ཤིས་ལྷུན་པོར་།
ཆོས་ཀྱི་རྩ་བ་ཚུགས་སོང་།
དགོན་ཆེན་བཀྲ་ཤིས་ལྷུན་པོར་།
ཆོས་ཀྱི་རྩ་བ་ཚུགས་སོང་།
ཡར་ལ་མཇལ་དར་སྒྲོན་པས་།
མར་ལ་ཚེ་མདུད་གནང་བྱུང།
ཚེ་རབས་གརྟན་དུ་བདེ་བའི་།
བྱིན་ཅན་ཚེ་མདུད་གནང་བྱུང་།
ཚེ་རབས་གརྟན་དུ་བདེ་བའི་།
བྱིན་ཅན་ཚེ་མདུད་གནང་བྱུང་།
ཚེ་མདུད་སྐེ་ལ་བཏགས་ནས་
རང་ཡུལ་ཕྱོགས་ལ་ལོག་འགྲོ།
རང་ཡུལ་པདྨ་ཅན་དེ་།
སྔར་ལས་དར་ཞིང་རྒྱས་པ་།
རང་ཡུལ་པདྨ་ཅན་དེ་།
སྔར་ལས་དར་ཞིང་རྒྱས་པ་།
དར་ཤིང་རྒྱས་པའི་དར་ལྕོག།
དམར་པོ་རི་ལ་བརྩུགས་ཡོད་
ཡུལ་ལ་སྐྱིད་པའི་ཉི་མ་།
པོ་ཏ་ལ་ནས་ཤར་བྱུང་།
ཡུལ་ལ་སྐྱིད་པའི་ཉི་མ་།
པོ་ཏ་ལ་ནས་ཤར་བྱུང་།
ཡུལ་ལ་སྐྱིད་པའི་ཉི་མ་།
པོ་ཏ་ལ་ནས་ཤར་བྱུང་།