嘎桑加措 - 酸味之酒
作词:觉美
作曲:祥丹慈
原唱:嘎桑加措
宣传:珞玛文化
ཆང་སྐྱུར་མོ་ཁ་ལ་མི་ཞིམ་ཡང་།།
སེམས་སྐྱོ་པོའི་གསང་བ་ཕུད་རོགས་ཡིན།།
ཆང་འདི་ལ་ང་ཚོའི་འཚོ་བ་ཡོད།།
ཆང་འདི་ལ་ང་ཚོའི་སྙིང་གཏམ་ཡོད།།
ཡ། ཆང་སྐྱུར་མོ།
ཁྱོད་འཐུང་པའི་མི་ལ་རང་ཚུགས་མེད།།
ཁྱོད་འཐུང་པའི་མི་ལ་འགོ་མཇུག་མེད།།
ཆང་འཐུང་ནས་གྲོད་པ་རྒྱག་རབ་མེད།།
རོགས་ན་ཟླ་དགའ་སྤྲོ་སྐྱེས་རབ་གདའ།།
ཆང་འདི་ལ་གཞོན་ནུའི་ལང་ཚོ་ཡོད།།
ཆང་འདི་ལ་རྒན་པའི་འཆི་གཏམ་ཡོད།།
ཡ། ཆང་སྐྱུར་མོ།
ཁྱོད་འཐུང་པའི་མི་ལ་བཟོ་ལྟ་མེད།།
ཁྱོད་འཐུང་པའི་མི་ལ་ཅི་བཙོག་མེད།།
ཆང་འཐུང་ན་བཟི་དགོས་ཟེར་ཀི་གདའ།།
དུག་འཐུང་ན་འཆི་དགོས་ལབ་ཀྱི་འདུག།
དེ་ཆང་འཐུང་བ་ཡི་སྙིང་སྟོབས་ཟེར།།
འདི་ལྐུགས་པ་རྣམས་ཀྱི་ལྐུགས་རྟགས་ཟེར།།
ཡ། ཆང་སྐྱུར་མོ།
ཁྱོད་འཐུང་པའི་མི་ལ་བསམ་བློ་མེད།།
ཁྱོད་འཐུང་པའི་མི་ལ་ཀུན་སྤྱོད་མེད།།
ཁྱོད་འཐུང་པའི་མི་ལ་ཀུན་སྤྱོད་མེད།།