齐心伴侣 - 索朗益西
词:贡恰
曲:阿旺丹增
ལྷ་ཤིང་ཤུག་པའི་ཐོག་གི་ཁུ་བྱུག་དང་།
ཕ་དགའ་ཚུར་དགའ་ཡོད་ན་གསུང་སྐད་སྙན།
ད་ནི་མི་འདུག་རྩ་རི་གནས་སྐོར་འགྲོ །
ན་ནད་ཚ་གསུམ་མེད་པའི་བཀྲ་ཤིས་ཤོག །
སེར་ཆེན་མེ་ཏོག་གླིང་གི་སྦྲང་བུ་དང་།།
ཕར་དགའ་ཚུར་དགའ་ཡོད་ན་སྤང་གི་རྒྱན།།
ད་ནི་མི་འདུག་གཡུ་ལོའི་ཚལ་དུ་འགྲོ།།
ལུས་སེམས་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག།
བྱང་ཐང་ན་མར་གླིང་གི་འབྲོང་རྒོད་དང་།།
ཕར་དགའ་ཚུར་དགའ་ཡོད་ན་རྩྭ་ཆུ་འདྲིས།།
ད་ནི་མི་འདུག་རྫ་རིའི་ཟེ་ལ་འགྲོ།།
སུས་ཀྱང་འཚེ་བ་མེད་པའི་བཀྲ་ཤིས་ཤོག།
རྒྱ་གྲོང་ཁྲ་མོའི་གླིང་གི་སྟག་ཤར་དང་།།
ཕར་དགའ་ཚུར་དགའ་ཡོད་ན་ཞེ་སེམས་མཐུན།།
ད་ནི་མི་འདུག་སྡེ་ཆེན་འདུ་ར་འགྲོ།།
གཤིབ་ཡ་རོགས་ལོ་བཟང་བའི་བཀྲ་ཤིས་ཤོག